ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱེད་པའི་ཚ་རླབས་བསླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས11ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་ལས་ཁུངས་ཡོངས་ཀྱི་ལས་བཟོ་བའི་སློབ་སྦྱོང་ཚོགས་ཆེན་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཟི་ལིང་དུ་ཡོད་པའི་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་སློབ་སྦྱོང་ལ་ཞུགས།

སློབ་སྦྱོང་ཚོགས་ཆེན་སྟེང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཏང་ཙུའུ་ཧྲུའུ་ཅི། གླིང་གཙོ་བསོད་དོན་གྲུབ་ཀྱིས་ལས་ཁུངས་ཀྱི་ཏང་ཙུའུ་ཡི་ཚབ་བྱས་ཏེ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བཟང་བོ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ནས་གྲུབ་འབྲས་བཟང་བོ་ཐོབ་པའི་ཐད་ལ་བཀོད་སྒྲིག་བྱས། གཅིག དུས་ཐོག་ཏུ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་ཟབ་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས། གཉིས། སྤྱི་ཚོགས་ཚན་རིག་གླིང་གི་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་རྐང་བཙུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ནང་དོན་ལ་སློབ་སྦྱོང་བཟང་བོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་གལ་ཆེན་མཛུབ་སྟོན་དུ་བཟུང་སྟེ་སྤུས་ཚད་མཐོ་བའི་སྒོ་ནས་ཚན་ཞིབ་བྱ་བ་བསྒྲུབ་པ་དང་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱེད་དགོས། གསུམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞི་རྩའི་བསྲུང་བྱ་བྱས་ཏེ། ལས་ཁུངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་འགྲོ་བར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་ཇེ་ཆེར་གཏོང་བ། རྩ་འཛུགས་ནུས་ཤུགས་དང་ལག་བསྟར་ནུས་པ་མཐོར་འདེགས་སུ་གཏོང་དགོས། བཞི། སྤྱི་ཚོགས་ཚན་རིག་གླིང་གི་རིག་མཛོད་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལྔ། གླེང་ཕྱོགས་དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།