ཉི་མ་སྒྲོལ་མས་གཞུང་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག་གི་གཞི་ཁྱོན་ཅན་འཛུགས་སྐྲུན་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།

           ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ། སྲང་ལམ། སྡེ་བ། སྡེ་ཁུལ་བཅས་བཅུ་གཉིས་ལ་སོང་ནས་གཞུང་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག་གི་ཚད་ལྡན་ཅན་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།

ཉི་མ་སྒྲོལ་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། འགོ་ཚུགས་ས་མཐོན་པོ་ནས་འཆར་འགོད་བྱེད་པ་དང་ཚད་གཞི་མཐོན་པོས་རེ་བ་འདོན་པ། སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱས་ཏེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པའི་ཐད་དམངས་ཆེན་གྱི་བྱས་རྗེས་འཇོག་དགོས་ཟེར།

ཉི་མ་སྒྲོལ་མས་ནན་གྱིས་བསྟན་དོན། གཞུང་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག་ནི་ཚོགས་ཆེན་མི་བསྡུ་བའི་སྐབས་སུ་དམངས་ཆེན་གྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་། མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བའི་ཕན་ཡོད་འདྲེན་བྱེད་ཡིན་པས། ཕྱི་ནང་གཉིས་ལྡན་གྱི་བྱ་བའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་ཚུལ་ནས་མཉེན་ཆས་འཛུགས་སྐྲུན་འབུར་དུ་ཐོན་པར་བྱེད་པ་དང་། ནང་ཁོག་ནས་བྱ་འགུལ་སྤེལ་བ་འབུར་དུ་ཐོན་པར་བྱེད་པ། སྣང་བརྙན་བསྐྲུན་པའི་སྟེང་ཤུགས་འདོན་པ་དང་སྤོབས་པ་ཆེར་སྐྱེད་པའི་སྟེང་ཤུགས་བཏོན་ནས། ཁྱད་ཆོས་སྟེང་འབུར་ཐོན་བརྩོན་ལེན་བྱེད་དགོས་ཟེར། ཁོ་མོས་ཧུར་ཐག་གིས་ཡོངས་ཁེབས་གཉིས་མངོན་འགྱུར་བྱེད་པ་སྟེ། ས་ཆ་སོ་སོ་རུ་གཞུང་སྒྲུབ་ཁང་ཡོངས་སུ་ཁེབས་པར་བྱེད་པ་དང་། འཐུས་མི་ཡོངས་གཞུང་སྒྲུབ་ཁང་དུ་བསྐྱོད་ཐུབ་པར་བྱེད་པ། ལྷག་པར་དུ་རིམ་པ་སོ་སོའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་རང་འགུལ་གྱིས་སྣེ་ཁྲིད་དེ་གཞུང་སྒྲུབ་ཁང་དུ་བསྐྱོད་དེ་བྱ་འགུལ་སྤེལ་བར་སྐུལ་འདེད་གཏོང་དགོས། བཀོལ་སྤྱོད་ལམ་ལུགས་ཅན་དང་ཚད་ལྡན་ཅན། རྒྱུན་རྣམ་ཅན་འཛུགས་སྐྲུན་དང་དོ་དམ་ལ་སྐུལ་འདེད་གཏོང་དགོས། འཐུས་མིའི་གྲོས་གཞི་སྤུས་ཚད་མཐོ་བ་དང་ལག་བསྟར་ཆུ་ཚད་སྤུས་ཚད་མཐོ་བར་བྱེད་པ་དང་། དམངས་ཆེན་གྱི་འཐུས་མི་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཁྲིམས་སྐྱོང་འདུ་ཤེས་དང་དམངས་ཆེན་གྱི་འདུ་ཤེས། འཐུས་མིའི་འདུ་ཤེས་རྒྱུན་མ་ཆད་མཐོར་འདེགས་བཏང་སྟེ། དམངས་ཆེན་བྱ་བ་དང་འཛུགས་སྐྲུན་གྱི་ཚད་ལྡན་ཅན་དང་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།