ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་གཏམ་བཤད། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུང་རིན་གཞོན་པ་མཱ་ཝེ་དང་ཉི་མ་སྒྲོལ་མ། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཐེངས་གཉིས་ལ་ཞུགས་པ་དང་། མཚོ་སྔོན་དུ་ཐེངས་གཉིས་ལ་ཕེབས་ནས་བྱ་བར་རྟོག་ཞིབ་དང་འཛུབ་སྟོན་གནང་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་མཐོང་ཆེན་བླ་ལྷག་བྱེད་པ་དང་རིགས་སོ་སོའི་མི་དམངས་ལ་བཅངས་པའི་བརྩེ་བ་མཚོན་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ལ་བརྗོད་དོན་ཕུན་སམ་ཚོགས་པས་མཚོ་སྔོན་གྱི་འཕེལ་རྒྱས་ལ་བསམ་སྤྱོད་གཉིས་ཐད་སྟོབས་ཤུགས་བླ་མེད་གནང་། གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནམ་ཡང་རྒྱུས་ལོན་ཟབ་མོ་བྱེད་དགོས་ལ། འདུ་ཤེས་བཞི་ཇེ་བརྟན་དང་ཡིད་ཆེས་བཞི་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྤྱིའི་གནས་བབ་ཁྲོད་ཀྱི་མཚོ་སྔོན་གྱི་གོ་གནས་ལ་ངོས་འཛིན་གསལ་བོ་བྱེད་དགོས་ལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྐྲིག་ལྟར། མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་དང་དམངས་ཆེན་གྱི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་ཤུགས་ཆེན་པོས་བྱ་བའི་དམིགས་འབེན་ལེགས་འགྲུབ་བྱེད་པར་འགན་འཁུར་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དམངས་ཀྱི་བདེ་སྐྱིད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་བསྣན་ནས་མཚོ་སྔོན་གྱི་བྱ་བ་ཁག་གི་ཁྲོད་དུ་དམངས་ཆེན་གྱི་ཁག་ཁུར་མཚོན་པར་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་དམངས་སེམས་འདུ་བར་བྱས་ནས་མཚོ་སྔོན་གྱི་དོན་དག་ཡག་པོར་སྒྲུབ་དགོས་ལ། གྲུབ་འབྲས་བཟང་བོས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་དགོས།

མི་ཕམ་མགོན་པོས་བསྒྱུར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།