གནམ་འདྲི་ཨང་དང་པོས་ཐོག་མ་དྲུག་གི་ལས་འགན་མངོན་འགྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་བར་སྣང་མཁའ་འགྲུལ་ཅུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། རང་རྒྱལ་གྱི་ཐོག་དང་པོའི་སྐར་མ་མིག་དམར་གྱི་འཚོལ་ཞིབ་ལས་འགན་དང་རྗེས་མཐུད་ཀྱི་འཆར་འགོད་ཐད་ནས་མཚམས་སྦྱོར་བྱས། 

གནམ་འདྲི་དང་པོའི་ལས་འགན་དེ་རང་རྒྱལ་གྱི་ཐོག་དང་པོའི་སྐར་མ་མིག་དམར་གྱི་འཚོལ་ཞིབ་ལས་འགན་ཡིན་པའི་ཆ་ནས་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། ཐེངས་འདིའི་ལས་འགན་ལས་རང་རྒྱལ་གྱི་བར་སྣང་མཁའ་འགྲུལ་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ཐོག་མ་དྲུག་མངོན་འགྱུར་བྱས་ཡོད། 

མིག་སྔར་ཀྲུའུ་རོང་རྟགས་ཅན་གྱི་སྐར་མ་མིག་དམར་གྱི་འཚོལ་ཞིབ་འཕྲུལ་ཆས་ཀྱིས་སྐར་མ་མིག་དམར་གྱི་ངོས་སུ་ལྟ་ཞིབ་བྱེད་བཞིན་ཡོད་པ་དང་། བྱ་བའི་གནས་ཚུལ་བཟང་། གོམ་རིམ་རྗེས་མར་འཚོལ་ཞིབ་འཕྲུལ་ཆས་དེ་སར་འབབ་སའི་གནས་ནས་ལྷོ་ངོས་སུ་བགྲོད་རྒྱུ་རེད། 

རྗེས་ཕྱོགས་སུ་རང་རྒྱལ་གྱིས་མུ་མཐུད་དུ་རྒྱུ་སྐར་གྱི་འཚོལ་ཞིབ་བཟོ་སྐྲུན་དང་། སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་གྲས། ཟླ་བའི་འཚོལ་ཞིབ་བཟོ་སྐྲུན་གྱི་དུས་རིམ་བཞི་བ་སོགས་བར་སྣང་མཁའ་འགྲུལ་གྱི་བཟོ་སྐྲུན་ལས་འགན་ཆེན་མོ་ལག་བསྟར་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།