རྩེ་ཁོག་རྫོང་གིས་རིག་གནས་ཤུལ་བཞག་ཉིན་མོའི་བྱ་འགུལ་སྤེལ་བ།

འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་དང་།  མི་དམངས་མང་ཚོགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་འདུ་ཤེས་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད།    ཟླ6པའི་ཚེས11ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་དང་རྫོང་རིག་གནས་དཔེ་མཛོད་ཁང་གིས་འགན་སྒྲུབ་བྱས་པའི2021ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”རྩེ་ཁོག་རྫོང་གི་སྐབས་གསུམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་འབྲས་འགྲེམས་འཁྲབ་བྱ་འགུལ་རྫོང་ལུས་རྩལ་བྱ་འགུལ་ལྟེ་གནས་སུ་སྤེལ་བ་རེད།

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་བྱ་འགུལ་གྱིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་གཏོང་བ་དང་།    རྩེ་ཁོག་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་གྲུབ་འབྲས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་པ། དེ་མིན་རང་རེའི་རྫོང་གི་རྒྱ་ཆེའི་མང་ཚོགས་ཀྱིས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཏོད་པར་ནུས་པ་བླ་ལྷག་ཐོན་ཡོད། །  

པར་འདི་དག་ནི་ཡུལ་དངོས་སུ་མངོན་མིན་ཤུལ་བཞག་རིག་གནས་འགྲེམ་འཁྲབ་བྱེད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།