མཛེས་སྡུག་དཔལ་གྱིས་སྒེག་པའི་མཚོ་བྱང་གི་སྐྱེ་ཁམས་ཡུལ་སྐོར།

ས་སྲོད་ཀྱི་ཁེ་རམ་ཐང་གི་ཡུལ་ལྗོངས། 

མཚོ་སྔོན་པོའི་བྱང་རྒྱུད་དང་མདོ་ལ་རིང་མོའི་ལྷོ་རྒྱུད་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་ཕྲ་རྒྱན་བཏབ་པ་བཞིན་ཆགས་ཡོད། ས་ཆ་འདི་ནི་སྣ་མང་རིག་གནས་གཅིག་ཏུ་འདུས་པའི་གནས་ཞིག་ཡིན་ལ། གནས་འདིའི“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་ལ་མི་རྣམས་ཡིད་སྨོན་སྐྱེས་བཞིན་ཡོད། གསེར་མདོག་གི་མུན་ཡོན”དང་། “མདོ་ལ་ལྷ་ཡི་ཞིང་ཁམས”“བོད་གྲོང་རྐང་ཚ”བཅས་ཀྱི་མཛེས་ལྗོངས་ཁུལ་ནི་མུ་རུ་སྦྲེལ་བས་“དག་སྣང་གི་མཚོ་བྱང”དུ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་རྣམ་པ་ཆེན་པོ་ཞིག་ཆགས་ཡོད།

རང་བྱུང་ཁམས་ཀྱིས་གནང་བའི་ལེགས་སྐྱེས་འདིས་མཚོ་བྱང་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་གྲུབ་ཡོད་ལ། དུས་རབས་གསར་པར་མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་པ་གོ་སྐབས་སུ་བཟུང་ནས། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་དང་། རིག་གནས་ཀྱི་ནང་དོན་གཏིང་ཟབ་ལ། ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལེགས་ཆར་གཞི་བཙུགས་ནས། འཆར་འགོད་ཁྱོན་ཡོངས་ལ་ཁྱབ་པ་དང་ཁོངས་ཡོངས་འཛུགས་སྐྲུན། ཐོན་ལས་ཡོངས་མཉམ་འདྲེས་བཅས“ཡོངས་ཁྱབ་གསུམ”གྱི་བྱེད་ཐབས་གཅིག་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་གྲུབ་ཆ་ལེགས་སྒྲིག་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཡུལ་སྐོར་གྱི་རྨང་གཞི་ཇེ་ལེགས་སུ་བཏང་ཡོད།

བརྗིད་ཉམས་ལྡན་པའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཐང་ཆེན།

མདོ་ལ་རྫོང་ར་གདོང་ཤང་སྡེ་ཁུལ།

མཚོ་བྱང་ཁུལ་གྱིས“ཡུལ་སྐོར་མ་ལག་ཆེན་མོའི”རིམ་སྤོར་འཐབ་ཇུས་ལག་ལེན་དུ་བསྟར་ནས། སྲོལ་རྒྱུན་ཡུལ་སྐོར་སྤྲོ་འཆམ་གྱི་ལས་སྒོ་རིམ་པ་སྣ་མང་ཅན་དང་གཞི་གཅིག་ཅན་གྱི་རིམ་པ་མཐོ་བའི་ལས་སྒོའི་རྣམ་པར་སྐུལ་འདེད་བཏང་སྟེ། བློ་སེམས་ཞིབ་མོས་རྣམ་པ་མི་འདྲ་བའི་ཡུལ་སྐོར་གྱི“གསེར་གྱི་མིང་བྱང”རིགས་བཞི་བཏོད་ཡོད།

2020ལོར་མཚོ་བྱང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ལོ་ཧྲིལ་པོར་རིག་གནས་དང་ཡུལ་སྐོར་ལ་མ་དངུལ་སྒོར་དུང་ཕྱུར11.89བཏང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི17908.07ལ་སླེབས་པས། དེ་དུས་མཉམ་ལས15.93%འཕར་ཡོད། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི479.428སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི214414.21ལ་སླེབས།

སྤྲིན་དཀར་འཁྱིལ་བའི་བཙུན་མོ་དམར་ཡག་མ།

དབྱར་སར་སྤོ་བའི་འབྲོག་པ།

མདོ་ལའི་རྩྭ་ཐང་། 

འཕྲུལ་རྟར་ཞོན་པའི་ཡུལ་སྐོར་བ།

ཡུལ་སྐོར་བས་རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞིར་ལྟ་སྐོར་བྱེད་བཞིན་པ།

པད་ཁའི་མེ་ཏོག་རྣམ་པར་བཀྲ་བས་ཡུལ་སྐོར་བའི་ཡིད་དབང་བཀུག

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།