སྐལ་བཟང་མེ་ཏོག་རྣམ་པར་བཞད། བདེ་སྐྱིད་འཚོ་བའི་ཉི་མ་ཤར།

མཚོ་སྔོན་ལ་ཀྲུང་ཧྭའི་ཆུ་ལྕོག་གི་མཚན་སྙན་ཡོད་པ་དང་། རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་ལ། ཀྲུང་གོ་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་དང་ཆུ་ཁུངས་གསོག་ཉར་ཁུལ་གཙོ་བོ་ཞིག་ཀྱང་ཡིན། 

1.jpeg

འདི་ནི2020ལོའི་ཟླ8པའི་ཚེས14ཉིན་པར་བླངས་པའི་འབྲི་ཆུའི་འབྱུང་ཡུལ་ལྷོ་རྒྱུད་ཀྱི་འདམ་ཆུ་རེད།

2.jpeg

2019ལོར་པར་བླངས་པའི་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཁོངས་ཀྱི་གཉན་པོ་གཡུ་རྩེའི་མཛེས་ལྗོངས་རེད།

མཚོ་སྔོན་ནི་ས་བབ་མཐོ་བའི་ས་ཁུལ་དུ་ཆགས་ཡོད་ལ། འདི་རུ་གཞན་ལས་ཁྱད་དུ་འཕགས་པ་དང་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་ཡོད།

3.jpeg

འདི་ནི2015ལོའི་ཟླ5པའི་ཚེས19ཉིན་པར་བླངས་པའི་མཚོ་སྔོན་ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་གཙོད་ཡིན།

4.jpeg

2020ལོའི་ཟླ7པའི་ཚེས7ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུའི་མགོ་ཁུངས་ཁུལ་གྱི་ཨ་ཆེན་གངས་དོ་དམ་ཁྲུའུ་བྲག་ནག་མཚེའུ་སྲུང་སྐྱོང་ས་ཚིགས་གྱི་ལས་བྱེད་མི་སྣས་གཙོད་ཕྲུག་ལ་འོ་མ་སྟེར་བཞིན་པ།

5.jpeg

2016ལོའི་ཟླ6པའི་ཚེས7ཉིན། མཚོ་སྔོན་ཨ་ཆེན་གངས་རྒྱབ་དུ། གཙོད་རྣམས་མཚོ་བོད་གཞུང་ལམ་བརྒྱུད་དེ་བསྐྱོད་བཞིན་པ།

6.jpeg

2019ལོའི་ཟླ10བའི་ཚེས19ཉིན། རྐྱང་ཁྱུ་ཞིག་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་པ།

7.jpeg

2019ལོའི་ཟླ5པའི་ཚེས9ཉིན། ཚྭ་འདམ་གཤོང་སའི་ལྷོ་མཐའ་ས་ཁུལ་དུ་པར་བླངས་པའི་འཕར་ཁྱུ་ཞིག

མཚོ་སྔོན་གྱི་ས་ཁོངས་ཡངས་ཤིང་རྒྱ་ཆེ་ལ། རི་ཀླུང་མཛེས་ཤིང་ལྟ་ན་སྡུག་པ་དང་། ཆུ་ཀླུང་སྣ་ཚོགས་ཀྱག་ཀྱོག་ངང་བཞུར་བཞིན། མཚེའུ་སྟོང་གི་སྐར་ཚོགས་བཀྲ།

8.jpeg

2015ལོའི་ཟླ12པའི་ཚེས23ཉིན། ངང་ཁྱུ་ཞིག་གིས་དགུན་དུས་ཀྱི་མཚོ་སྔོན་པོའི་ཉི་ཟེར་ཁྲོད་རྐྱལ་རྩལ་ངོམ་པ།

9.jpeg

2020ལོའི་ཟླ9པའི་ཚེས4ཉིན། ཡུལ་སྐོར་བས་མཚོ་སྔོན་ཞིང་ཆེན་ཝུའུ་ལན་རྫོང་ཚྭ་ཁའི་ཚྭ་མཚོ་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་པ།

10.jpeg

2019ལོའི་ཟླ7པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་འོམ་ཆུའི་ནང་གི་གསེར་ཉ།

11.jpeg

འདི་ནི2020ལོའི་ཟླ8པའི་ཚེས15ཉིན་པར་བླངས་པའི་གངས་རྒྱ་རྒྱའི་དཀར་པོའི་འཁྱགས་རོམ་རེད།

མཚོ་སྔོན་གྱི་ཁོར་ཡུག་སྤུས་ཚད་ཧ་ཅང་ལེགས་པ་དང་། ཆུ་དང་རླུང་། ཉི་འོད། ཚ་ནུས་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། རང་རྒྱལ་གྱི་ཐོན་ཁུངས་རྗེས་མཐུད་ས་ཁུལ་གཙོ་བོའི་གྲས་ཤིག་ཡིན།

12.jpeg

2019ལོའི་ཟླ9པའི་ཚེས14ཉིན། ཡུལ་སྐོར་བས་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་ཡུངས་དཀར་མེ་ཏོག་ཁྲོད་པར་ལེན་བཞིན་པ།

13.jpeg

འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་འོད་ནུས་ཐོན་ལས་ཁུལ་དུ་པར་བླངས་པའི་སན་ཞ་ནུས་ཁུངས་གསར་བའི་ཀྲའོ་ཝ500ཅན་གྱི་ལས་གཞིའི་ཉི་ནུས་གློག་ཞུ་སྒྲིག་ཆས་རེད།

2020ལོའི་ཟླ4པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་རྫོང་ཚང་མ་དབུལ་ཕོངས་རྫོང་གི་གྲལ་ནས་བུད་དེ་དབུལ་བོ་དབུལ་རྐྱང་ཚང་མ་གཙང་སེལ་བྱས།

14.jpeg

རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་སྟེ་རྒྱ་ཡག་བོད་ལུགས་ས་གདན་ལག་རྩལ་རྒྱུད་འཛིན་པ་དབྱང་ཡུང་ལེའང་གིས་ས་གདན་འཐག་བཞིན་པ།

15.jpeg

མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་མཐའ་ཁུལ་གྱི་འབྲི་ཆུའི་མགོ་ཁུངས་སྡེ་བའི་སློབ་མ་སྐོར་ཞིག་སློབ་གྲྭ་གྲོལ་ནས་རང་ཁྱིམ་དུ་ལོག་བཞིན་པ།(2018ལོའི་ཟླ9བའི་ཚེས30ཉིན་པར་བླངས།)

16.jpeg

ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་བརྩེགས་མཁན་ལི་ཡན་ལེན་གྱི་རང་ཉིད་ཀྱི་བརྩམས་ཆོས་འགྲེམ་སྟོན་བྱེད་བཞིན་པ།(2019ལོའི་ཟླ8པའི་ཚེས31ཉིན་པར་བླངས།)

17.jpeg

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་རྫ་ནག་བཟོ་མཁན་ནོར་བུ་མཚོས་སྲོལ་རྒྱུན་བོད་ལུགས་རྫ་ནག་བཟོ་བཞིན་པ།(2019ལོའི་ཟླ11པའི་ཚེས11ཉིན་པར་བླངས།)

18.jpeg

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་བོད་གྲི་རྡུང་མཁན་དཀོན་མཆོག་ཕུན་ཚོགས་ཀྱིས་བོད་གྲིའི་གྲི་ཤུབ་བཟོ་བཞིན་པ།(2019ལོའི་ཟླ11པའི་ཚེས17ཉིན་པར་བླངས།)

19.jpeg

ཡུལ་སྐོར་བས་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་སྣང་ར་ཤང་བདེ་སྐྱིད་སྡེ་བའི་ལྗོངས་གཟིགས་ཁྱམས་རའི་ནང་ལྟ་སྐོར་བྱེད་བཞིན་པ།(2020ལོའི་ཟླ8པའི་ཚེས11ཉིན་པར་བླངས།)

20.jpeg

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དྲིན་ཆེན་གྲོང་རྡལ་སྡེ་བ་གཉིས་པའི་འབྲོག་མི་ཉི་མ་མཚོ་མོས་འབྲི་མོ་གདང་ལ་འཁྱིག་ནས་འོ་མ་བཞོ་བར་གྲ་སྒྲིག་བྱེད་བཞིན་པ།(2020ལོའི་ཟླ10པའི་ཚེས28ཉིན་པར་བླངས།)

21.jpeg

མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པན་ཡན་སྡེ་བའི་བརྩེགས་མཁན་གྱིས་སྡེ་བ་རུ་བརྩེགས་དྲུབ་བྱེད་བཞིན་པ།(2020ལོའི་ཟླ12པའི་ཚེས31ཉིན་པར་བླངས།)

22.jpeg

2021ལོའི་ཟླ2པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་སན་ཧི་གྲོང་རྡལ་གྱི་གནས་སྤོར་གཅིག་བསྡུས་བདེ་བཀོད་ཁུལ་དུ། སྡེ་མི་ལི་བཀྲ་ཤིས་སྒྲོལ་མས་ལོ་སར་གྱི་དངོས་པོ་གྲ་སྒྲིག་བྱེད་བཞིན་པ།

བསྐལ་བ་བཟང་བའི་མེ་ཏོག་སྣ་བརྒྱའི་བཀྲག་མདངས་རྣམ་པར་འཚེར། །གཙང་གསུམ་ཆུ་བོས་བདེ་སྐྱིད་གདངས་དབྱངས་ཨ་སྔོན་དགུང་ནས་གྱེར། །

དམངས་ཀྱི་འདུན་མ་ཏང་ལ་བཅོལ་ནས་འབྱོར་འབྲིང་ལས་ལ་བརྩོན། །མཐུན་པའི་ལག་གདང་སྦྲེལ་ཏེ་མཚོ་སྔོན་གསར་བའི་མཛེས་སྡུག་བསྐྲུན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།