མཐོ་སྒང་མི་དམངས་ལ་བཅངས་པའི་བརྩེ་སེམས།

—ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་བའི་དངོས་བྲིས།

b8d43562-4650-4092-8b4a-29baa5ea007a.tif.jpg

པར་འདི་ནི་ཚེས8ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་རུ་རྟོག་ཞིབ་གནང་སྐབས། བོད་རིགས་མང་ཚོགས་བསོད་ནམས་ཚེ་རིང་གིས་བཟའ་མི་གང་བོ་ཁྲིད་ནས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དྲི་མེད་ཁ་བཏགས་འབུལ་བཞིན་པའི་ཚུལ་རེད། 

02110b59-84d6-46e1-a81f-78ae9f9f185a.tif.jpg

པར་འདི་ནི་ཚེས8ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་སྔོན་པོའི་ཁེ་རམ་ཐང་དུ་རྟོག་ཞིབ་བྱེད་བཞིན་པའི་ཚུལ་རེད། 

bdafc3f0-c9bf-41fc-a187-ef9958aa197f.tif.jpg

པར་འདི་ནི་ཚེས8ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་སྔོན་པོའི་ཁེ་རམ་ཐང་དུ་རྟོག་ཞིབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་རི་བོ་ས་ཁུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ་རེད། 

1947da9f-d566-441a-b9b2-043b4aeda41e.tif.jpg

པར་འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་སིར་ཕེབས་ནས་ཐོན་སྐྱེད་འཁོར་ཁང་ལ་རྟོག་ཞིབ་གནང་བའི་ཚུལ་རེད། 

d08f19e8-4bdb-4d2f-8756-c00557427c9b.tif.jpg

པར་འདི་ནི་ཚེས8ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་རུ་རྟོག་ཞིབ་གནང་སྐབས། བསོད་ནམས་ཚེ་རིང་བཟའ་མི་ཡོངས་དང་ལྷན་གཅིག་ཏུ་འགྲུལ་ཁང་ནང་བཞུགས་ཏེ་ཁ་བརྡ་གླེང་མོལ་མཛད་པའི་ཚུལ་རེད། 

17946db3-8784-468c-b41d-fe9f696e7b8f.tif.jpg

པར་འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཇུས་འགོད་སྡེ་ཁག་ནས་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།

14c02912-9031-4a9d-83c6-beaee6ca6b55.tif.jpg

པར་འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཧུའེ་ལམ་ཝུན་ཐིན་སྲང་ལམ་སྡེ་ཁུལ་དཔེ་ཀློག་ཁང་དུ་ཕེབས་ཏེ། སྡེ་ཁུལ་གྱིས་ན་གཞོན་རྣམས་ལ་འདོན་སྤྲོད་བྱས་པའི་སློབ་ཕྱིའི་བདག་སྐྱོང་དོ་དམ་ཞབས་ཞུའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ་རེད།

3f317db1-b0ae-4f05-88e8-d49faa1a68fb.tif.jpg

པར་འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་རྟོག་ཞིབ་གནང་སྐབས། ཁེ་ལས་ཀྱི་ལས་བཟོ་བར་འཚམས་འདྲི་གནང་བའི་ཚུལ་རེད། 

bf992a7a-2208-4255-9185-3ffe931129c0.tif.jpg

པར་འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཧུའེ་ལམ་ཝུན་ཐིན་སྲང་ལམ་སྡེ་ཁུལ་དུ་མང་ཚོགས་རྣམས་དང་མཛའ་བརྩེ་ངང་ཁ་བརྡ་གླེང་མོལ་མཛད་པའི་ཚུལ་རེད།

16c76eb8-9e36-4af8-be3c-b8b2badaa93c.tif.jpg

པར་འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཧུའེ་ལམ་ཝུན་ཐིན་སྲང་ལམ་སྡེ་ཁུལ་གྱི་བདེ་སྐྱིད་ཟ་ཁང་དུ་བགྲེས་པོ་ཚོའི་བཟའ་བཏུང་ཞབས་ཞུའི་གནས་ཚུལ་ལ་རྒྱུས་ལོན་མཛད་བཞིན་པའི་ཚུལ་རེད།

901da2f8-08b1-4318-81b2-28fac82119e8.tif.jpg

པར་འདི་ནི་ཚེས8ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་སྔོན་པོའི་ཁེ་རམ་ཐང་དུ་རྟོག་ཞིབ་བྱེད་བཞིན་པའི་ཚུལ་རེད།

c34bbdce-20ac-45d6-849e-694883f81f0a.tif.jpg

པར་འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཧུའེ་ལམ་ཝུན་ཐིན་སྲང་ལམ་སྡེ་ཁུལ་གྱི་ཞབས་བྲོ་ཁང་དུ་ལས་འཁྱེར་ངལ་གསོ་མི་སྣས་གླུ་གར་འཁྲབ་སྦྱོང་བྱེད་པར་གཟིགས་ཞིབ་གནང་བའི་ཚུལ་རེད། 

8f4468d2-bbe1-4e53-ae1f-a6e335319033.tif.jpg

པར་འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་རྟོག་ཞིབ་གནང་སྐབས། ཁེ་ལས་ཀྱི་ལས་བཟོ་བ་དང་མཛའ་བརྩེ་ངང་གླེང་མོལ་མཛད་བཞིན་པའི་ཚུལ་རེད། 

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན་ནས་ཚེས9ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཧྲིན་ཀྲང་ཞིན་ཁྲང་ཞིང་གི་འགྲོ་རོགས་འོག་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་སུ་ཕེབས་ཏེ་ཁེ་ལས་དང་སྡེ་ཁུལ། རང་བྱུང་སྲུང་སྐྱོང་ཁུལ། སྡེ་བ་སོགས་ནས་རྟོག་ཞིབ་མཛད། 

    ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་བྱེད་པ་དང་བརྟན་རླིང་ཁྲོད་ནས་འཕེལ་རྒྱས་བརྩོན་པའི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་ངང་སྒྲུབ་པ། འགག་སྒྲོལ་དཀའ་སེལ། གསར་འབྱེད་གསར་གཏོད་བཅས་བྱས་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མུ་མཐུད་དུ་གྲུབ་འབྲས་གསར་པ་བླངས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཁྲོད་མཚོ་སྔོན་གྱི་ལེའུ་གསར་བ་སྐྲུན་དགོས་པར་ནན་གྱིས་བསྟན། 

ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་པ་དང་། མཚོ་སྔོན་གྱི་ལས་དོན་སོ་སོའི་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ལེགས་པོ་གནང་བ་མ་ཟད། མཚོ་སྔོན་གྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཚང་མས་གསར་འབྱེད་གསར་གཏོད་དང་འགན་འཁྲི་འཁུར་ཕོད་པ། དོན་དངོས་སྒྲུབ་ཕོད་པ་བཅས་བྱས་ཏེ།  གཡུར་ཏུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་རྒྱུའི་རེ་བ་བཏོན།   ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།