རབ་མཛེས་མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཕེབས་ནས། མཚོ་སྔོན་པོ་ཁེ་རམས་ཐང་དུ་མདོ་ལ་རི་བོ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་གྱི་མཚམས་སྦྱོར་ལ་ཉན་པ་མ་ཟད། མཚོ་སྔོན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་བྱ་བའི་ཕན་འབྲས་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས། 

མཚོ་སྔོན་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་གཙང་བོ་ཆེན་པོ་གསུམ་གྱི་མགོ་ཁུངས་ཡིན་ལ། ལོ་རེར་གཙང་བོའི་སྨད་རྒྱུད་དུ་དྭངས་གཙང་གི་ཆུ་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར600ལྷག་སྐྱེལ་བཞིན་ཡོད་པ་དང་། རང་རྒྱལ་དང་ཐ་ན་ཨེ་ཤ་ཡ་གླིང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་ཆུ་ཁུངས་གསོག་ཉར་ཁུལ་གཙོ་བོ་ཡིན།

3.jpeg

འབྲི་ཆུ་འབྱུང་ཡུལ་གྱི་རྔམ་བརྗིད་ཀྱི་གངས་རྒྱ་རྒྱའི་དཀར་པོའི་འཁྱགས་རོམ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་འགན་འཁྲིའང་སྐྱེ་ཁམས་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པས། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་དགོས་ལ། ལྗང་མདོག་ཐཱན་ཉུང་དང་འཁོར་རྒྱུག་དཔལ་འབྱོར་མ་ལག་འཕེལ་རྒྱས་སུ་བཏང་སྟེ། དམངས་ཡོངས་ལ་སྐྱེ་ཁམས་ཀྱི་ཁེ་ཕན་ཐོབ་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས།

4.jpeg

མཚོ་སྔོན་གྱིས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐད་འགན་ཁུར་གལ་ཆེན་འཁུར་ཡོད་པས། ངེས་པར་དུ་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་དང་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོང་བཅས་ཀྱི་འགན་འཁྲི་གལ་ཆེན་ལེགས་པོར་འཁུར་བ་དང་། རྒྱལ་ཁབ་དང་མི་རིགས། རྗེས་རབས་པ་བཅས་ལ་འགན་འཁུར་དགོས།

——2021ལོའི་ཟླ3པར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས།

5.jpeg

 2021ལོའི་ཟླ3པའི་ཚེས7ཉིན། ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

རྨ་ཆུའི་སྐྱེ་ཁམས་མ་ལག་ནི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཡིན་ལ། སྟོད་སྨད་བར་གསུམ་གྱི་ཁྱད་པར་ལ་བསམ་གཞིགས་གང་ལེགས་གཏོང་དགོས། སྟོད་རྒྱུད་ཀྱིས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། ཀན་ལྷོའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོག་ཉར་ཁུལ་སོགས་ཀྱི་གཙོ་གནད་ལ་གཞིགས་ཏེ། སྐྱེ་ཁམས་སྲུང་སྐྱོང་ཞིག་གསོ་དང་འཛུགས་སྐྲུན་བཟོ་འགོད་གལ་ཆེན་སྐོར་ཞིག་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་ཁུངས་གསོག་ཉར་གྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས།

——2019ལོའི་ཟླ9པར་ཧི་ནན་དུ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་སྐབས།

7.jpeg

2019ལོའི་ཟླ9པའི་ཚེས18ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧི་ནན་ཀྲིན་ཀྲོའུ་དུ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པ་མ་ཟད་གཏམ་བཤད་གལ་ཆེན་གནང་།

ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་ལེགས་པོར་སྤེལ་བར་སྐྱེ་ཁམས་བཟོ་འགོད་དང་ནུས་སྲི་སྙིགས་འཕྲི། ཁོར་ཡུག་བཅོས་སྐྱོང་། མཛེས་སྡུག་ཤང་གྲོང་འཛུགས་སྐྲུན་བཅས་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ། མཚོ་སྔོན་དེ་མཛེས་སྡུག་ཀྲུང་གོའི་མིང་བྱང་མཚར་སྡུག་ཅན་ཞིག་ཏུ་འགྱུར་བར་བྱེད་དགོས།

——2016ལོའི་ཟླ3པར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས།

8.jpeg

2016ལོའི་ཟླ3པའི་ཚེས10ཉིན། ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

ཉེ་བའི་ལོ་འགའི་རིང་། ཀྲུང་གོས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ལག་བསྟར་བྱས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟ་ཁུལ་ཐོག་མ་ཡིན། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ལག་བསྟར་བྱས་པ་དེའི་དམིགས་ཡུལ་ནི་རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་འཛིན་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ལ་སྲུང་སྐྱོང་བྱས་ཏེ། རྗེས་རབས་པར་རྩ་ཆེའི་རང་བྱུང་ཐོན་ཁུངས་བརྒྱུད་སྤྲོད་བྱ་རྒྱུ་དེ་ཡིན། འདི་ནི་ཀྲུང་གོས་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་དང་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

——2019ལོའི་ཟླ8པར་འཕྲིན་ཡིག་བཏང་ནས་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཀྱི་མགོ་རྩོམ་མཛད་སྒོར་རྟེན་འབྲེལ་ཞུ་སྐབས།

9.jpeg

པར་འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད་པའི་གཉན་པོ་གཡུ་རྩེ་རེད། 2016ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ཁུལ་ཐོག་མར་གཏན་འཁེལ་བྱས་ཏེ་ལག་བསྟར་བྱེད་མགོ་བརྩམས་པ་དང་། ས་ཁུལ་འདིའི་སྐྱེ་ཁམས་སྲུང་སྐྱོང་དེ་སྔོན་ཆད་ཀྱི་མཁོ་བསྟུན་རྣམ་པ་ནས་རྒྱུན་རྣམ་ཅན་དང་རྒྱུན་མཐུད་རང་བཞིན་གྱི་སྲུང་སྐྱོང་ལ་རིམ་སྤོར་བྱས།

10.jpeg

འདི་ནི་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་གྱི་འབྲི་ཆུའི་མགོ་ཁུངས་དམར་ཆུ་ཡིན།

11.jpeg

རྔམ་བརྗིད་ཀྱི་མདོ་ལ་རི་རྒྱུད་ཀྱིས་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་འཕྲེད་དུ་བཅད་ཡོད་ལ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དོ་མཉམ་ལ་སྲུང་སྐྱོང་དང་ཐུན་ཀི་ལི་སོགས་བྱེ་ཐང་ལྷོ་རུ་བསྐྱེད་པར་བཀག་འགོག་གི་ནུས་པ་ལྡན་པས། རྨ་ཆུ་དང་རྨ་ནུབ་ཁྱམས་རའི་ནང་ལོགས་ཀྱི་ཆུ་བོའི་བཞུར་རྒྱུན་ལ་ཁ་གསབ་བྱེད་པར་ནུས་པ་གལ་ཆེན་འདོན་པར་ཁག་ཐེག་བྱས་ཡོད།

12.jpeg

ཨ་ཆེན་གངས་རྒྱབ་ཀྱི་བྲག་ནག་མཚེའུ་ས་ཁོངས་སུ་ཡོད་པའི་གཙོད་ཁྱུ།

13.jpeg

མཚོ་སྔོན་པོ་ནི་ཀྲུང་གོའི་སྐམ་སའི་ཚྭ་མཚོ་ཆེ་ཤོས་ཡིན་པ་དང་། དེས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་འཛིན་བྱས་ཡོད་ལ། མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་གྲས་ཤིག་ཀྱང་ཡིན།

14.jpeg

མཚོ་སྔོན་གྱི་ལེགས་ཆ་དང་ཐོན་ཁུངས་ལ་ཟུང་སྦྲེལ་བྱས་ནས་སྒུལ་ནུས་གསར་སྐྲུན་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་མཐར་ཕྱིན་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་མགྱོགས་མྱུར་ངང་བསྐྲུན་པ་དང་། རྒྱལ་ཁབ་དྭངས་གཙང་ནུས་ཁུངས་ཐོན་ལས་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་བཅས་གསར་སྐྲུན་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་དང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་མ་ལག་འཛུགས་པ། ས་གནས་ཀྱི་ཁྱད་ཆོས་འབུར་ཏུ་ཐོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས།

——2021ལོའི་ཟླ3པར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས།

15.jpeg

2021ལོའི་ཟླ3པའི་ཚེས7ཉིན། ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པར་ཐོག་མར་རང་ཉིད་ཀྱི་སྟོབས་ཤུགས་ལ་མཐིལ་རྟོགས་དང་འགུལ་རྣམ་ལ་དམ་འཛིན་བྱེད་དགོས་ལ། སྐྱེ་ཁམས་ཁོར་ཡུག་བརྟག་བཤེར་ཚད་ལེན་དྲ་བའི་རྨང་གཞི་ལས་དོན་འདི་འཛུགས་སྐྲུན་དང་བེད་སྤྱོད་གང་ལེགས་བྱེད་དགོས།

——2016ལོའི་ཟླ8པར་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས།

16.jpeg

 2016ལོའི་ཟླ8པའི་ཚེས22ཉིན་ནས་ཚེས24ཉིན་བར། ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱས་པ། འདི་ནི་ཟླ8པའི་ཚེས23ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་བརྟག་བཤེར་ཚད་ལེན་ལྟེ་གནས་སུ་རྟོག་ཞིབ་བྱེད་བཞིན་པའི་ཚུལ་རེད།

དོན་དངོས་ལ་གཞི་བཙུགས་ཏེ། ཆུ་ལ་འཚམ་པར་ཆུ་དང་། རི་ལ་འཚམ་པར་རི། འབྲུ་ལ་འཚམ་པར་འབྲུ། ཞིང་ལས་ལ་འཚམ་པར་ཞིང་ལས། བཟོ་ལས་ལ་འཚམ་པར་བཟོ་ལས། ཚོང་ལས་ལ་འཚམ་པར་ཚོང་ལས་བཅས་སྤེལ་ནས། ཧུར་བརྩོན་གྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའིི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་དགོས། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་སོགས་སྐྱེ་ཁམས་བྱེད་ནུས་གཙོ་བོའི་ས་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་ཆུ་ཁུངས་གསོག་ཉར་བྱས་ཏེ་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་གསར་སྐྲུན་བྱེད་དགོས།

——2019ལོའི་ཟླ9པར་ཧི་ནན་དུ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་སྐབས།

17.jpeg

 སྤུས་ལེགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་ནས་མཚོ་སྔོན་གྱིས་ཤུགས་ཆེན་པོས་འབྲི་གཡག་དང་བོད་ལུག ནས། འཁྱགས་ཆུའི་ཉ་སོགས་མཚོ་སྔོན་རྟགས་ཅན་གྱི་ཁྱད་ལྡན་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་ལྗང་མདོག་སྐྱེ་ཁམས་ཞིང་ཕྱུགས་ཐོན་རྫས་ཀྱིས་རོང་འབྲོག་པ་འབྱོར་འབྲིང་ལམ་དུ་བསྐྱོད་པར་རོགས་འདེགས་བྱེད་དགོས།

ཚྭ་མཚེའུ་ཐོན་ཁུངས་ནི་མཚོ་སྔོན་གྱི་ཐོན་ཁུངས་ཆེས་ཆེན་པོ་ཡིན་ལ། རྒྱལ་ཡོངས་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཀྱང་ཡིན་པས། ངེས་པར་དུ་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་དགོས། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་ནི་ཐོན་ཁུངས་བེད་སྤྱོད་ཕན་འབྲས་མཐོར་འདེགས་ཀྱི་དགོས་ངེས་ཀྱི་ཐབས་ལམ་ཡིན་པ་དང་། ལྗང་མདོག་འཕེལ་རྒྱས་འདུ་ཤེས་བརྟན་པོ་བཙུགས་ནས། ས་ཁོངས་ནང་ཁུལ་གྱི་འབྲེལ་ཡོད་ཐོན་ལས་ཀྱི་གོ་རིམ་དང་ལག་རྩལ། བཟོ་རྩལ་གསར་སྐྲུན་བཅས་ལ་སྐུལ་འདེད་ཤུགས་ཆེན་བྱས་ཏེ། འཛད་གྲོན་ཉུང་བ་དང་བཙོག་འབུད་ཉུང་བ། ཕན་འབྲས་མཐོ་བར་བྱེད་དགོས་པ་དང་། ཚྭ་མཚེའུ་གྱི་ཐོན་ཁུངས་གལ་ཆེན་འདིས་མུ་མཐུད་དུ་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་འབད་བརྩོན་བྱེད་དགོས།

——2016ལོའི་ཟླ8པར་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས།

18.jpeg

ཚྭ་འདམ་གཤོང་སའི་དཀྱིལ་དབུས་སུ་ཆགས་པའི་ཚྭ་ཨར་ཧན་ཚྭ་མཚོ་ནི་ཀྲུང་གོའི་ཆེས་ཆེ་བའི་ཅཱ་ལུད་ཐོན་སྐྱེད་རྟེན་གཞི་དང་ཚྭ་མཚེའུ་འཁོར་རྒྱུག་དཔལ་འབྱོར་ཐོན་ལས་རྟེན་གཞི་ཡིན། ཕྱོགས་བསྡུས་གསར་སྤེལ་གཏིང་ཟབ་ངང་སྤེལ་བ་དང་བསྟུན། ཚྭ་ཨར་ཧན་ཚྭ་མཚོའི་ཡུལ་སྐོར་རིན་ཐང་ཡང་ཉིན་བཞིན་མངོན་གསལ་དུ་འགྱུར་བཞིན་ཡོད།

འོད་ནུས་གློག་འདོན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་འཆར་འགོད་དང་བཀོད་སྒྲིག་བྱེད་ཚུལ་གྱི་ལས་དོན་ལེགས་པོར་སྒྲུབ་དགོས་ལ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྣེ་ཁྲིད་ལ་ཤུགས་བསྣན་ཏེ་ཚད་ལྡན་རང་བཞིན་དང་གོ་རིམ་རང་བཞིན་འབུར་ཏུ་བཏོད་དགོས།

——2016ལོའི་ཟླ8པར་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས།

19.jpeg

འོད་ནུས་ཀྱིས་བྱེ་འགྱུར་བཅོས་སྐྱོང་དང་ནུས་མང་ཕན་ཚུན་ཁ་གསབ། རིག་ནུས་གློག་དྲ་བཅས་ལྟེ་བ་ཡིན་པའི་རྒྱུན་མཐུད་ལག་རྩལ་གསར་སྐྲུན་གྱིས་མཚོ་སྔོན་དེ་མ་འོངས་པར་ནུས་ཁུངས་གསར་བའི་ཐོན་ལས་དཔལ་འབྱོར་གྱི་རྟེན་གཞི་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བཞིན་ཡོད།

20.jpeg

གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད་པ་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྲིད་ཇུས་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་གནས་སྤོར་ནི་སྲིད་ཇུས་འདི་དངོས་འབེབས་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན་པས། ངེས་པར་དུ་ལག་བསྟར་རྩ་འཛུགས་ལེགས་པོ་བྱེད་དགོས།

——2016ལོའི་ཟླ8པར་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས།

21.jpeg

2016ལོའི་ཟླ8པའི་ཚེས22ཉིན་ནས་ཚེས24ཉིན་བར། ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་། འདི་ནི་ཟླ8པའི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བ་ནས་བོད་རིགས་སྡེ་དམངས་ལ་འཚམ་འདྲི་ཞུ་སྐབས་ཁོ་ཚོ་དང་མཉམ་དུ་མཛའ་བརྩེའི་ངང་གླེང་མོལ་བྱེད་བཞིན་པའི་ཚུལ་རེད།

ཤང་གྲོང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་དགོས་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་མངོན་འགྱུར་བྱས་ནས་ཤང་གྲོང་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་བསྣན་ནས་ཤང་སྲོལ་དཔལ་ཡོན་གསོ་སྐྱོང་བྱེད་པ་དང་། མཛེས་སྡུག་ལས་འཚམ་དང་ལས་དར་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཤང་སྡེ་གསར་བ་འཛུགས་སྐྲུན་བྱེད་དགོས།

——2021ལོའི་ཟླ3པར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས།

22.jpeg

འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་ཚེ་བརྟན་སྒྲོལ་མས་རང་ཁྱིམ་ནས་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམ་སྟོན་བྱེད་པ། ལས་རིགས་གསོ་སྦྱོང་སྤེལ་ཏེ་སྡེ་མི་གྲོང་ཁྱེར་དུ་རྩོལ་ལས་བྱེད་པར་སྐུལ་མ་བཏང་བ་དང་། དེེར་མ་ཟད་རྩྭ་སའི་བྱ་དགའི་ཁ་གསབ་སོགས་ཀྱི་སྲིད་ཇུས་ཀྱིས་འབྲི་ཆུའི་མགོ་ཁུངས་ཀྱི་ཁྱིམ་ཚང་རེར་བརྟན་འཇགས་ཀྱི་ཡོང་འབབ་ཡོད་པར་གྱུར། 2017ལོར་འབྲི་ཆུའི་མགོ་ཁུངས་སྡེ་བས་དངོས་སུ་དབུལ་ཞྭ་ཕུད།

23.jpeg

འབྲི་ཆུའི་མགོ་ཁུངས་སྡེ་བ་ནས་འབྲི་ཆུའི་མགོ་ཁུངས་མི་རིགས་སློབ་གྲྭ་བཙུགས་ཏེ་སྒྲིག་ཆས་སྣ་ཚོགས་ཆ་ཚང་དུ་སྐྲུན་ཡོད། སློབ་གྲྭས་སྐད་གཉིས་སློབ་གསོ་སྤེལ་བ་མ་ཟད། ད་དུང་རིག་ནུས་སློབ་གསོ་སྟེགས་བུ་སྤྱད་དེ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱས། སློབ་གསོའི་སྟེང་གི་འགྱུར་ལྡོག་ཆེན་པོ་འདིས་བྱིས་པ་རྣམས་ཀྱི་མ་འོངས་པ་ནི་སྔར་ལས་མཛེས་སྡུག་ལྡན་པར་བསྟན་ཡོད།

ནམ་ཡིན་ཡང་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དེ་སེམས་སུ་བཟུང་ནས་བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོའི་བདེ་སྐྱིད་འཕེལ་བར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་གཉིས་ཟུང་སྦྲེལ་དམ་པོ་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་རྒྱུན་འཁོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཀ་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པ་བཅས་ཟུང་འབྲེལ་དམ་ཚགས་དང་ཆར་བ་ཆུ་གྲོགས་སུ་བསྟེན་དགོས།

——2021ལོའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས།

24.jpeg

མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དེ2002ལོར་མགོ་བརྩམས་པ་དང་། དེ་ནི་རབ་མཛེས་མཚོ་སྔོན་འཛམ་གླིང་དུ་བསྐྱོད་པའི་མིང་བྱང་ཆེན་པོ་ཞིག་ཡིན།

25.jpeg

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་བྲག་དམར་སྲུང་སྐྱོང་དོ་དམ་ས་ཚིགས་ཀྱི་བདག་སྐྱོང་བ་འབྲུག་ཆུ་ཚེ་རིང་གིས་བསྐོར་ཞིབ་བྱེད་པ། 2016ལོ་ནས་བཟུང་། མཚོ་སྔོན་གྱིས་བརླན་ས་དང་རྩྭ་ཐང་སོགས་སྐྱེ་ཁམས་བདག་སྐྱོང་བའི་ལས་གནས་བཙུགས་པ་མ་ཟད། སྔོན་ལ་སྐྱེ་ཁམས་གནས་སྤོར་སྡོད་དམངས་དང་སྒོ་ཕྱུགས་མེད་པའི་ཁྱིམ་ཚང་། སྒོ་ཕྱུགས་ཉུང་བའི་ཁྱིམ་ཚང་སོགས་དཀའ་ངལ་ཁྱིམ་ཚང་ཁྲོད་སྐྱེ་ཁམས་བདག་སྐྱོང་བ་གདན་ཞུ་བྱས་ཏེ། བརྟན་འཇགས་ཀྱི་གླ་ཕོགས་ལ་བརྟེན་ནས་འབྲོག་ཁུལ་མང་ཚོགས་ཀྱི་དབུལ་ཐར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་།

“ལྗང་མདོག་གི་རྩིས་ཐོ”ལེགས་པོར་རྩིས་པ་དང་།

“ལྗང་མདོག་གི་བགྲོད་ལམ”དུ་ལེགས་པོར་བསྐྱོད་པ།

“ལྗང་མདོག་གི་འཆར་འགོད”ལེགས་པོར་བསྟར་ནས།

རི་སྔོ་ཆུ་དྭངས་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་རྨང་གཞིར་འགྱུར་བར་བྱེད་དགོས་པ་མ་ཟད།

རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་འཚོ་བ་བསྐྱལ་བར་བྱེད་དགོས།

26.jpeg

 མཚོ་སྔོན་པོའི་བྱེ་མ་ལ་བདུན་གྱི་ཟུར་ཞིག

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།