ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན། ཟི་ལིང་དུ2021ལོའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་གླེང་སྟེགས་འཚོགས། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཁྲའོ་ཞུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་མཛད་སྒོར་ཞུགས་པ་དང་ཤིས་ཚིག་ཕུལ་ཞིང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན་དང་ཧྲིན་ཀྲང་གཞོན་པ་དབྱང་ཧྥེང་ཁྲུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཝུན་ཁུའེ་བཅས་མཛད་སྒོར་ཞུགས་པ་དང་ཧྲིན་ཀྲང་གཞོན་པ་ཀྲང་ལི་ཡིས་མགོ་འཛིན་གནང་།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཐེངས་འདིའི་གླེང་སྟེགས་ནི་དུས་རབས་གསར་པའི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཟབ་རྒྱས་ཆེ་བའི་ཚོགས་འདུ་ཞིག་ཡིན་ལ། མཚོ་སྔོན་གྱིས་མ་འོངས་པར་ཁ་ཕྱོགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པའི་དོན་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། ཕྱོགས་ཡོངས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་འཕེལ་རྒྱས་སྐུལ་འདེད་གཏོང་བ་བཅས་བྱས་པས། “མཛེས་སྡུག་ལྡན་པའི་མཚོ་སྔོན”་སྔར་བས་དྭངས་གཙང་དུ་གྱུར་པ་དང་། “འབད་འབུངས་ཡར་བརྩོན་གྱི་མཚོ་སྔོན”དུ་སྔར་བས་ལྗང་མདོག་ཐཱན་ཉུང་དུ་གྱུར་ནས། “དུས་རབས་གསར་པའི་མཚོ་སྔོན”གྱི་སྒོ་མོ་སྔར་བས་ཆེ་རུ་ཕྱེས་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ང་ཚོས་མཚོ་སྔོན་ལ་གཞི་འཛུགས་པ་དང་། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ། གོ་ལ་ཧྲིལ་པོར་ཁྱབ་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་སྐྲུན་བྱས་ནས་ཐཱན་རྩེར་སོན་དང་། ཐཱན་སྙོམ་སྒྲིག་གི་དམིགས་ཚད་མངོན་འགྱུར་བྱེད་པའི་ཐད་ལེགས་སྐྱེས་སྔར་བས་ཆེན་པོ་འབུལ་དགོས། ང་ཚོས་སྔར་བས་སྒོ་དབྱེ་བསྟུན་མཁས་ཀྱི་བློ་ཁོག་ཡོད་པའི་སྒོ་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོགས་པོ་ཚོ་དང་མཉམ་དུ་དཔུང་པ་མཉམ་གཤིབ་དང་། ལག་གདང་མཉམ་སྦྲེལ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཉམས་མྱོང་སྤྱད་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྲུབ་འབྲས་མཉམ་དུ་གསར་གཏོད་དང་མཉམ་སྤྱོད་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་བསྐྲུན་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པར་བཤད།
ཚོགས་འདུའི་ཐོག་ཀྲུང་གོར་བཅའ་སྡོད་བྱེད་པའི་ཝུ་ར་ཀུའེ་ཤར་འགྲམ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཧྥེར་ནན་ཏོ་·ལུའུ་ཀེ་ལི་སི་དང་། ཀྲུང་གོར་བཅའ་སྡོད་བྱེད་པའི་ནེ་པ་ལའི་གཞུང་ཚབ་ཆེན་མོ་མཱ་ཧན་ཏེ་ལ·ཕན་ཏི། ཨུ་རུ་སུ་དཀར་པོ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཞན་ཁོ·ཡིའུ་ལི·ཏན་ཧྥུ་སི། ཀྲུང་གོའི་ས་ཁུལ་གྱི་དོན་གཅོད་དཔོན་གཞོན་པ་ཁྲེ་ཝེ། སིང་ཀ་ཕོར་གྱི་ཅིན་དབྱིང་ཁེ་ལས་དོ་དམ(ཀྲུང་གོ)ཚད་ཡོད་ཀུང་སིའི་ཙུང་ཚའེ་གཞོན་པ་ཀྲའོ་ཡུང་བཅས་ཀྱིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་། ཚོགས་འདུའི་ཐོག་ད་དུང་མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ལས་ཀྱི་ལེགས་ཆ་དང་དེ་བཞིན་རྒྱལ་སྤྱིའི་མཉམ་ལས་ཀྱི་རེ་འདུན་ཁྱབ་བསྒྲགས་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
2021ལོའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་གླེང་སྟེགས་འཚོགས།