བོད་ལུགས་ས་གདན་འགྲེམས་ཚོགས་སྟེང་མཚོ་སྔོན་གྱི་སྒོ་འབྱེད་ནུས་ཤུགས་རྒྱ་བསྐྱེད་དུ་བཏང་།

1.jpg

2.jpg

3.jpg

4.jpg

གནས་འདིའི་རི་རྒྱུད་ནི་ཆེས་གཟི་བརྗིད་ལྡན་པ་དང་ཆུ་ནི་ཆེས་དྭངས་གཙང་ཡིན་ཞིང་མཚོ་སྔོན་གྱི་རི་དང་ཆུ་ནི་ཕན་ཚུན་གཅིག་ཏུ་སྦྲེལ་ཡོད་པས།  མཐོ་སྒང་གི་ཁྱད་ཆོས་རྣམ་པར་མངོན་འདུག

སྐབས་དང་པོའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་།  སྙན་ཞིང་འཇེབས་པའི་གླུ་དབྱངས《ང་ཚོའི་མཚོ་སྔོན》ཞེས་པ་མི་རེ་རེའི་སེམས་སུ་བརྟན་པོར་ཟུག་ཡོད།

ཐེངས་འདིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་ཡིས“མཉམ་དུ་སྐྱེ་ཁམས་ཤེས་དཔལ་བསྐྲུན་པ་དང་ཐུན་མོང་གིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་རོལ་བྱེད”ཅེས་པ་བརྗོད་དོན་དུ་བཟུང་ནས།  རྒྱལ་ནང་གི་ཐོག་དང་པོའི་རྒྱལ་སྤྱིའི་རང་བཞིན་དང་ཆེད་ལས་རང་བཞིན།  ཕྱོགས་བསྡུས་རང་བཞིན་བཅས་ཀྱི་སྐྱེ་ཁམས་རྒྱས་ཚོགས་ཤིག་བསྐྲུན་ཡོད།  དེའི་ཁྲོད་ཀྱི་སྐབས18པའི་ཀྲུང་གོའི(མཚོ་སྔོན)བོད་ལུགས་ས་གདན་གྱི་རྒྱལ་སྤྱིའི་འགྲེམས་སྟོན་ཚོགས་འདུས་སྔོན་གྱི་སྐབས17གྱི་འགྲེམས་ཚོགས་ཀྱི་ཉམས་མྱོང་གི་རྨང་གཞིའི་སྟེང་སྔར་ལས་ལྷག་པའི་སྒོ་ནས་འགྲེམས་ཚོགས་ཀྱི་རྣམ་པ་གསར་བསྐྲུན་བྱས་ཏེ།  མཚོ་སྔོན་འགྲེམས་ཚོགས་ཀྱིས་ཕྱི་ཕྱོགས་སུ་རྒྱ་བསྐྱེད་དང་སྒོ་འབྱེད་བཅས་བྱས་ནས་ཉམས་མྱོང་བརྗེ་རེས་དང་མཉམ་འབྲེལ་བྱེད་པའི་ལམ་བུ་གསར་བ་བཏོད་ཡོད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།