ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་ནང་ཁུལ་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཁུལ་དང་གྲོང་ཁྱེར8ནས་རྒྱུགས་ཁུལ33བཀོད་སྒྲིག་བྱས་ཡོད་པ་ལས་གཞན། ཞིང་ཆེན་ཕྱིའི་མཚོ་སྔོན་རྡོ་སྣུམ་དོོ་དམ་ཅུའུ་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་ཆི་ལོས་གྲོང་བརྡལ་ནས་རྒྱུགས་ཁུལ་གཅིག་བཀོད་སྒྲིག་བྱས་ཡོད་པ་དང་། བསྡོམས་པས་རྒྱུགས་ཁུལ34དང་རྒྱུགས་ལེན་ས་ཚིགས49། རྒྱུགས་ར1666བཅས་ཡོད།
དེའི་ནང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྒྱལ་ཡོངས་ཀྱི་མཐོ་རིམ་དཀྱུས་མའི་སློབ་གྲྭའི་སློབ་བསྡུ་གཅིག་གྱུར་རྒྱུགས་གཞི་ཁྲོད་སློབ་མ891ཞུགས་ཡོད་ལ། མགོ་ལོག་ས་ཁུལ་དུ་ཟླ5པའི་ཚེས22ཉིན་ས་འགུལ་བྱུང་བ་ནས་ད་ལྟའི་བར། ས་འགུལ་ད་དུང་བྱུང་དང་འབྱུང་བཞིན་ཡོད་པས། མཚོ་སྔོན་ཞིང་ཆེན་མཐོ་རིམ་དཀྱུས་མའི་སློབ་བསྡུ་ཨུ་ཡོན་ལྷན་ཁང་གིས་དུས་ལྟར་སློབ་གསོ་པུའུ་ལ་ཡར་ཞུ་བྱས་ཏེ་མགོ་ལོག་ས་ཁུལ་གྱི་མཐོ་རྒྱུགས་ཇུས་གཞི་ལེགས་སྒྲིག་བྱས་པ་དང་། མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་ལུས་རྩལ་ར་བ་ནང་རྒྱུགས་ཁུལ1བཀོད་སྒྲིག་བྱས་པ་དང“སྦྲ་གུར་རྒྱུགས་ར”31དང་གྲ་སྒྲིག་ཟུར་བཀར“སྦྲ་གུར་རྒྱུགས་ར”4བཅས་བཀོད་སྒྲིག་བྱས་ཏེ། བསྡོམས་པས་རྒྱུགས་ར35ཡོད་པ་རེད། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
ཁ་སང་མཚོ་སྔོན་དུ་སློབ་མ48310མཐོ་རྒྱུགས་ལ་ཞུགས་པ།