དགའ་སྤྲོའི་དགོད་སྒྲས་ཁེངས་པའི་སློབ་མ་ཚོ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས5ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཤང་བོད་ཡིག་བཅའ་སྡོད་སློབ་གྲྭ་ནས་སློབ་མ་དང་ལས་བཟོ་བ་ཡོངས་སློབ་སྦྱོང་དང་བྱ་བའི་སྟེང་ལ་ཞུགས་ནས། རྒྱུན་ལྡན་གྱི་འཚོ་བ་རོལ་མགོ་བརྩམས་པ་དང་། སློབ་མ་རྣམས་ས་འགུལ་གྱི་འཇིགས་པ་ལས་ཐར་ནས། དགའ་སྤྲོའི་དགོད་སྒྲས་ཁེངས་པའི་བྱིས་དུས་ཀྱི་བདེ་སྐྱིད་ལ་ཡང་བསྐྱར་རོལ་མགོ་བརྩམས་ཤིང་། སློབ་མ་ཚོས་དཔེ་ཆ་ཀློག་འདོན་བྱེད་པ་དང་། ད་དུང་སྐོར་བྲོ་འཁྲབ་པ་དང་རྩེད་མོ་རྩེད་བཞིན་པའི་སྣང་ཚུལ་མཐོང་། །
པར་འདི་ནི་དགེ་རྒན་གྱིས་སློབ་མ་ཚོར་སློབ་ཁྲིད་བྱེད་བཞིན་པའི་ཚུལ་རེད།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
རྨ་ཆུ་ཤང་བཅའ་སྡོད་སློབ་གྲྭའི་སློབ་མ་རྣམས་དགའ་སྤྲོའི་དགོད་སྒྲས་ཁེངས་འདུག