མཚོ་སྔོན་ཞིང་ཆེན་གྱི་མི3རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཏང་ཨུའི་ཧྲུའུ་ཅིའི་གཟེངས་བསྟོད་འོས་མི་ནང་བདམས་ཐོན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་དུས་འདིར།  ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཏང་ཨུའི་ཧྲུའུ་ཅི་ཁག་ཅིག་ལ་གཟེངས་བསྟོད་བྱ་རྒྱུའི་གྲོས་ཐག་བཅད།  དཔྱད་འདེམས་གཟེངས་བསྟོད་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)སོ་སོའི་ཏང་ཨུའི་འོས་སྦྱོར་བྱས་པའི་འོས་མིའི་རྨང་གཞིའི་སྟེང་།  ནན་ཏན་གྱིས་ཞིབ་བཤེར་གཏན་འབེབས་དང་འདེམས་སྒྲུག་གྲོས་ཞིབ་བྱས་པ་བརྒྱུད།  རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཏང་ཨུའི་ཧྲུའུ་ཅི105གཟེངས་བསྟོད་འོས་མིར་གཏན་འཁེལ་བྱས།  མཚོ་སྔོན་ཞིང་ཆེན་གྱི་མི3བདམས་ཐོན་བྱས་ཡོད་པ་དང་དེ་དག་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཏང་ཨུའི་ཧྲུའུ་ཅི་ཉིའུ་ཏེ་ཧའེ(ཧོར་རིགས)དང་།   ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པའམ་ཁྲི་འདུ་རྫོང་ཏང་ཨུའི་ཧྲུའུ་ཅི་ཉི་མ་ཚེ་རིང(བོད་རིགས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ཨུའམ་གུང་ཧོ་རྫོང་ཏང་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་བཅས་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན།  དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་བསམ་འཆར་རྒྱ་ཆེར་བསྡུ་ལེན་བྱེད་པ།  སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱ་ཆེད་གཟེངས་བསྟོད་ཀྱི་འོས་མིའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་།  ཁྱབ་བསྒྲགས་དུས་ཡུན་ནི2021ལོའི་ཟླ6པའི་ཚེས7ཉིན་ནས་ཚེས11ཉིན་བར་ཡིན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།