ཝུའུ་ཞའོ་ཅུན་གྱིས་ཁོ་སི་ཐཱ་རེ་ཁའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ལའོ་ཏི་ལིས་ཀི.ཏིར་ཅ་ཏའོ་སོགས་ལ་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་ཁོ་སི་ཐཱ་རེ་ཁའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ལའོ་ཏི་ལིས་ཀི.ཏིར་ཅ་ཏའོ་སོགས་ལ་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལའོ་ཏི་ལིས་ཀི.ཏིར་ཅ་ཏའོ་སོགས་མཚོ་སྔོན་དུ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པ་མ་ཟད། ཞིང་ཆེན་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་གྱིས་ཁོ་སི་ཐཱ་རི་ཁ་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་འདྲ་མཚུངས་ཡིན་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཆ་མཐུན་ཡིན་ལ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་མདུན་ལྗོངས་གཅིག་འདྲ་ཡིན་པས། མཚོ་སྔོན་དང་ཁོ་སི་ཐཱ་རེ་ཁ་བར་གྱི་དག་གཙང་ནུས་ཁུངས་དང་སྐྱེ་ཁམས་གནས་སྐོར། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་ཕྱོགས་ཀྱི་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེ་བ་དང་སྦས་ཤུགས་ཧ་ཅང་ཆེ། མཚོ་སྔོན་གྱིས་ཁོ་སི་ཐཱ་རི་ཁ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་དང་། ཁཱ་ཐ་ཀི་གྲོང་ཁྱེར་བར་གྱི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། བརྗེ་རེས་ལ་ཤུགས་སྣོན་པ་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔེ་ལྟ་བྱས་ཏེ། མཉམ་དུ་ལྗང་མདོག་འཕེལ་རྒྱས་དང་མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་བ་འབྲི་འདོད་ཡོད་ཟེར།

གཞུང་ཚབ་པ་ལའོ་ཏི་ལིས་ཀི.ཏིར་ཅ་ཏའོ་ཡིས་མཚོ་སྔོན་བར་གྱི་རྨང་གཞི་སྒྲིག་ཆས་དང་དག་གཙང་ནུས་ཁུངས། སྐྱེ་ཁམས་གནས་སྐོར་སོགས་ཕྱོགས་ཀྱི་དངོས་གཉེར་མཉམ་ལས་སྤེལ་བ་དང་། དགེ་མཚན་ཁ་གསབ་ལ་སྐུལ་འདེད་གཏོང་བ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ནས། ཕྱོགས་གཉིས་ཀྱི་བརྗེ་རེས་སྔར་ལས་སྟབས་བདེ་བ་དང་མཉམ་ལས་སྔར་ལས་དམ་ཟབ་བྱེད་པ། མཛའ་བརྩེ་སྔར་ལས་ཟབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བཅངས་ཡོད་ཟེར། ཞིང་ཆེན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཐུག་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།