2021ལོའི་དྲུག་ལྔ་ཁོར་ཡུག་སྲུང་སྐྱོབ་ཉིན་མོའི་རྒྱལ་ཁབ་གཙོ་རའི་བྱ་འགུལ་ཟི་ལིང་ནས་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ལྔ་ཉིན། སྐྱེ་ཁམས་ཁོར་ཡུག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཟི་ལིང་ནས་མཉམ་འབྲེལ་སྒོས2021ལོའི་དྲུག་ལྔ་ཁོར་ཡུག་སྲུང་སྐྱོབ་ཉིན་མོའི་རྒྱལ་ཁབ་གཙོ་རའི་བྱ་འགུལ་སྤེལ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རུན་ཆིག་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྥུའུ་ཧྭ་གཉིས་བྱ་འགུལ་ལ་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞང་གིས་གཏམ་བཤད། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིན་མེན་གྱིས་འགོ་མཛིན་བྱས། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཅི་ཏིས་མ་རྒྱལ་བྱ་འགུལ་ལ་ཞུགས།

ད་ལོའི་དྲུག་ལྔ་ཁོར་ཡུག་སྲུང་སྐྱོབ་ཉིན་མོའི་བརྗོད་དོན་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་རྒྱུ་དེ་ཡིན་ལ། དེའི་དམིགས་འབེན་ནི་སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་ལག་བསྟར་བྱེད་པའི་འདུ་ཤེས་སྔར་ལས་མཐོར་འདེགས་གཏོང་བ་དང་། སྤྱི་ཚོགས་ཡོངས་སུ་རང་རྟོགས་ཀྱི་འགུལ་སྐྱོད་གྲུབ་པར་སྐུལ་འདེད་གཏོང་བ། བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་བཟང་བོར་སྤེལ་བ། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་ཐུན་མོང་གི་ལྟ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུ་དེ་རེད།

ཧོང་རུན་ཆིག་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྤྱི་ཡོངས་ཀྱི་བྱ་བའི་འབུར་ཐོན་གོ་གནས་སུ་བཞག་སྟེ། འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཏོན་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པ་དང་ཤུགས་ཧ་ཅང་ཆེ་ལ། གྲུབ་འབྲས་སྔ་ན་མེད་པ་བླངས་ལ། མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཐོབ་ཚོར་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ལྗང་མདོག་གི་རང་མདངས་དང་སྤུས་ཚད་བཟང་བོ་འདོན་སྤྲོད་བྱས། ཡིན་ན་ཡང་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་ད་དུང་འགལ་ཟླ་དང་འགྲན་རྩོད་མང་པོར་ཐུག་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་རེ་བ་སྐོང་ན་ད་དུང་སྤྱི་ཚོགས་ཡོངས་ཀྱིས་རྒྱུན་མཐུད་ངང་ཤུགས་འདོན་པ་དང་བྱས་རྗེས་འཇོག་དགོས།

ཧོང་རུན་ཆིག་གིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འགོ་རྩོམ་རྒྱུ་ཡིན་པ་དང་། གནས་བབ་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བར་ཁ་ཕྱོགས་ནས། ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། འཐབ་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་བྱེད་པ། བཙོག་བཟོ་ཇེ་ཉུང་དང་ཐཱན་ཇེ་ཉུང་དུ་གཏོང་བ་དང་ཕན་འབྲས་ཇེ་དྲག་ཏུ་གཏོང་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་ཁྱོན་ཡོངས་ནས་ལྗང་མདོག་ཚུལ་བསྒྱུར་བྱེད་རྒྱུ་དེ་སྤྱིའི་བྱེད་ཐབས་སུ་བྱེད་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་གྲུབ་ཚུལ་དང་ཐོན་སྐྱེད་རྣམ་པ། འཚོ་བ་རོལ་སྟངས། བར་སྟོང་གྲུབ་ཚུལ་གྲུབ་པར་སྐུལ་འདེད་གཏོང་བ། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མར་སྲུང་སྐྱོབ་བྱེད་པའི་བྱ་བ་རྒྱུན་མཐུད་ངང་བསྒྲུབ་པ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།

ཧོང་རུན་ཆིག་གིས་ནན་གྱིས་བསྟན་དོན། མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་དེ་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་ལོངས་སྤྱོད་བྱེད་ཀྱིན་ཡོད་པས། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱེད་པ་དང་མཉམ་དུ་འཛུགས་སྐྲུན་བྱེད་པ། མཉམ་དུ་སྲུང་སྐྱོབ་བྱེད་དགོས། སྤྱི་ཚོགས་ལས་རིགས་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་བྱེད་པ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པ་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། སྐྱེ་ཁམས་རིག་གནས་སྐྱེད་སྲིང་དང་དར་སྤེལ་གཏོང་བ་དང་། རྨང་གཞིའི་གཞུང་ལུགས་ཀྱི་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ། སྐྱེ་ཁམས་དཔལ་ཡོན་དྲིལ་སྒྲོག་ཐོན་རྫས་ཀྱི་བཟོ་སྐྲུན་དང་བརྒྱུད་སྒྲོག་ལ་ཤུགས་བསྣན་ནས། ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏམ་རྒྱུད་བཤད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་བསྟར་མཁན་དང་སྐུལ་འདེད་མཁན་བྱེད་པ་དང་། སྟབས་བདེ་འོས་མཐུན་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བའི་རྣམ་པ་དར་སྤེལ་བཏང་སྟེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་དགོས་ཟེར།

ཧྥུའུ་ཧྭ་ཡིས་གཏམ་བཤད་ཁྲོད་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཚབ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་གཙོ་རའི་བྱ་འགུལ་བསྡུས་པར་སྨོན་འདུན་ཞུས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འབད་འཐབ་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྲུང་སྐྱོབ་བྱེད་པའི་སྔོན་ཐོན་དཔེ་མཚོན་ལ་དད་གུས་ཞུས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པས་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ངོས་ཟིན་དང་ལག་བསྟར་གཉིས་ཀྱི་ཐད་ནས་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་མཛུབ་ཁྲིད་བྱས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་དགོངས་པ་རུ་བྱས་ནས། བྱ་བ་བྱེད་ཐབས་རེ་རེའི་ཁྲོད་ལག་བསྟར་ནན་མོ་བྱེད་དགོས། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པ་དང་རྒྱང་བསྐྱོད་གསར་བར་ཞུགས་པའི་ལོ་དང་པོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་ཡང་ཡིན་པས། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོར་འཕྲད་པ་དང་། འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་དང་གཞི་རིམ་མང་ཚོགས་ལ་ཁ་ཕྱོགས་ནས་ཁྱབ་གདལ་ཆེན་པོ་དང་ལག་བསྟར་ཆེན་པོའི་བྱ་འགུལ་སྤེལ་བ། ནང་དོན་བཟང་ཞིང་རྣམ་པ་གསར་བའི་སྨྱན་བྱད་བསྲེས་མའི་ཐོན་རྫས་འཛུགས་སྐྲུན་བྱེད་པ། སློབ་སྦྱོང་དྲིལ་སྒྲོག་དང་གནད་དོན་དངོས་ཐག་གཅོད་པ་གཉིས་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མི་སེམས་སུ་སིམ་པར་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ཤིས་ཚིག་འབུལ་སྐབས་མཚོ་སྔན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་བྱ་འགུལ་སྤེལ་འགོ་བརྩམས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། གཙོ་རའི་བྱ་འགུལ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་བྱ་འགུལ་ཞིག་དང་། དམངས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་བྱང་ཚད་མཐོར་འདེགས་གཏོང་བའི་བྱ་འགུལ། དད་སེམས་ཆེར་སྐྱེད་པ་དང་དྲིན་ཤེས་པ། སྲུང་སྐྱོབ་ཐད་ཤུགས་འདོན་པའི་བྱ་འགུལ་ཞིག མ་འོངས་པར་ཁ་ཕྱོགས་པ་དང་མཛེས་སྡུག་གི་འཛམ་གླིང་དྲིལ་སྒྲོག་བྱེད་པའི་བྱ་འགུལ་བཅས་ཡིན་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་དད་མོས་པ་དང་ལག་བསྟར་མཁན། ཡར་སྐུལ་བ། འབད་བརྩོན་མཁན་བྱེད་པ་དང་། སྤྱི་ཚོགས་ཡོངས་སུ་རང་བྱུང་ལ་བརྩི་མཐོང་བྱེད་པ་དང་རང་བྱུང་དང་མཐུན་པར་བྱེད་པ། རང་བྱུང་སྲུང་སྐྱོབ་བྱེད་པའི་དར་སྲོལ་བཟང་བོ་གྲུབ་པར་བྱེད་པ། རང་བྱུང་ལ་འཇིགས་གུས་ཀྱི་སེམས་པ་འཛིན་པ་དང་སྐྱེ་ཁམས་ཀྱི་དྲིན་ཤེས་པ། ཁོར་ཡུག་སྲུང་སྐྱོབ་བྱས་ནས། གནམ་སྔར་ལས་སྔོ་བ་དང་རི་སྔར་ལས་ལྗང་བ། ཆུ་སྔར་ལས་དྭངས་པ། མཁའ་དབུགས་སྔར་ལས་གཙང་བིའ་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་ཡོད་པར་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་པ་དང་། ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་མིའི་སེམས་སུ་སིམ་པར་བྱས་ལ། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་དེ་ཞིང་ཆེན་གོང་འོག་ཡོངས་ཀྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་ཏུ་གྱུར་བ་དང་། མཐོ་སྒང་གི་ག་ས་གང་དུ་མི་དང་རང་བྱུང་མཉམ་གནས་བྱེད་པའི་རྣམ་པ་བཟང་བོ་མངོན་པར་བྱས། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པས་སྣེ་ཁྲིད་འོག སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་བྱ་བ་གལ་ཆེན་དུ་བརྩིས་ནས་ནམ་ཡང་གོ་གནས་དང་པོར་འཇོག་པ་དང་། ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་མཐོ་ཚད་དུ་འགྲེང་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་འཆར་འགོད་བྱེད་པ། བབ་བསྟུན་མདུན་སྐྱོད་ཀྱིས་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་དུ་དམིགས་པ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་འདུ་ཚོགས་འཛུགས་སྐྲུན་བྱས་ཏེ། མི་ཡོངས་ལ་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་དང་རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་བཟང་བོ་འགྲེམ་སྟོན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་གཏན་འཇགས་རང་བཞིན་མཐོར་འདེགས་བཏང་ནས། སྤུས་ལེགས་སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་འདོན་ཇེ་མང་དུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཐཱན་ཉུང་གཏོང་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་གཟབ་ནན་གྱི་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། རིམ་པ་བཞིན་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱི་རེ་བ་དང་མཐུན་པའི་ལམ་ལུགས་ཀྱི་བཀག་སྡོམ་གྲུབ་པར་བྱེད་པ། ཀྲུང་ཧྭ་ཆུ་གཏེར་ལ་སྲུང་སྐྱོབ་བཟང་བོ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་སྲུང་བྱེད་པ། རབ་མཛེས་མཚོ་སྔོན་གྱི་མི་དང་སྐྱེ་དངོས། ཆུ་དང་རི་བོར་སྲུང་སྐྱོབ་བཟང་བོ་བྱས་ཏེ། ཆུ་དྭངས་རི་ལྗང་དེ་མཚོ་སྔོན་གྱི་ཡུན་རིང་བོའི་དགེ་མཚན་དང་ང་རྒྱལ་དུ་འགྱུར་བར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།