མཚོ་སྔོན་གྱིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དམིགས་འབེན་ལས་འགན་བདེ་བླག་ངང་འགྲུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གཉིས་ཀྱིས་མཉམ་འབྲེལ་སྒོས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། 《2020ལོའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་གནས་བབ་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ། གསར་འགྱུར་མགྲིན་ཚབ་པ་སི་ཝུན་ཞོན་གྱིས2020ལོའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་གནས་བབ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཙོ་གནད་བྱ་བའི་གནས་ཚུལ་ཡོངས་བསྒྲགས་བྱས། 

2020ལོར། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བཏང་སྟེ། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པར་དམིགས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་ཇུས་ཀྱི་མཚོན་བྱེད་རང་བཞིན་གྱི་གཡུལ་འཐབ་ཐེངས་བརྒྱད་བརྒྱབ་ནས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་གནད་དོན་ལེགས་བཅོས་སྐོར་རིམ་གཉིས་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་ལུགས་ལག་བསྟར་ལྟ་སྐུལ་དོ་དམ་གཟབ་ནན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་བཅོས་བསྒྱུར་ཟབ་སྤེལ་དང་། དེང་རབས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་མ་ལག་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་བཅས་ལ་ཕན་འབྲས་གསར་བ་བླངས། ལོ་རེའི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པ་དང་། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་འགོད་གཏན་འཁེལ་བྱས་པའི་རང་གཅུན་རང་བཞིན་གྱི་རྟགས་ཚད་སྣ9དང་། ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཁོར་ཡུག་སྲུང་སྐྱོབ་འཆར་འགོད་གཏན་འཁེལ་བྱས་པའི་རང་གཅུན་རང་བཞིན་གྱི་རྟགས་ཚད་སྣ11སྔོན་ལ་ལེགས་འགྲུབ་བྱས་ཤིང་། གཙོ་བོ་འབག་བཙོག་ཕྱིར་གཏོང་དང་དབྱང་གཉིས་ཐན་རྫས་ཕྱིར་གཏོང་གི་ཚད་མངོན་གསལ་གྱིས་མར་ཆགས་ལ། འབག་བཙོག་འགོག་བཅོས་ལ་དུས་སྐབས་རང་བཞིན་གྱི་དམིགས་འབེན་མངོན་འགྱུར་བྱུང་བ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།