མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་མཇུག་བསྒྲིལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས17ནས་ཚེས28ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དང་ནན་ཁྲུང་ས་གནས་གཉིས་སུ་སྔ་རྗེས་སུ་ཚོགས་པ་དང་། གསོ་སྦྱོང་དེ་གྲོང་ཁྱེར་དང་ཁུལ8དང་། རྫོང་དང་གྲོང་ཁྱེར། ཆུས་བཅས་ས་གནས45ལ་ཁྱབ་པ་དང་གཞི་རིམ་གྱི་རིགས་པའི་གཞུང་ལུགས་ལས་དོན་གྱི་འགན་འཁུར་བ་དང་སྒྲོག་འགྲེལ་རྐང་འཛིན་པ49གསོ་སྦྱོང་ནང་ཞུགས་ཡོད།

གསོ་སྦྱོང་གིས་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་གྱི་ལས་ཡུལ་དང་པོའི་སྒྲོག་འགྲེལ་བྱེད་མཁན་ལ་ཁ་ཕྱོགས་ཡོད་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཡུལ་དངོས་རྟོག་ཞིབ་བྱེད་པའི་ཁག་གཉིས་ཚུད་ཡོད། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་དུས་མཚམས་སུ་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་གྲགས་ཅན་དང་མགོ་ཁྲིད་ཀྱིས་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་གྱི་ཆུ་ཚད་མཐོ་རུ་ཇི་ལྟར་གཏོང་བའི་སྐོར་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཡག་པོར་སྒྲུབ་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོར་གསལ་འགྲེལ་བྱེད་པ། “ནུས་པ་བཞི”ཆེ་རུ་གཏོང་བར་མཐོང་ཆེན་བྱེད་པ། གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་ཡིད་དབང་འགུགས་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད། ཡུལ་དངོས་སུ་རྟོག་ཞིབ་བྱེད་པའི་དུས་སྐབས་སུ་ལྟ་སྦྱོང་སློབ་སྦྱོང་དང་། ཡུལ་དངོས་སློབ་ཁྲིད། སྤེལ་རེས་མཉམ་སྤྱོད་སོགས་བྱེད་ཐབས་སྣ་ཚོགས་ཚུད་ཡོད་ཅིང་། ངོ་ཐུག་གདོང་འཕྲད་ཀྱིས་ཉམས་མྱོང་ཐོབ་པར་བྱེད་པ་དང་ཉེ་སར་ལྟ་སྦྱོང་བྱེད་པ་བརྒྱུད་ཞིང་ཆེན་གཞན་གྱི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་དཔེ་བཟང་ལས་ཁུངས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་དང་སློབ་སྦྱོང་བྱས་པས། གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་པས་ཕན་ཚུན་གྱི་ཉམས་མྱོང་སློབ་སྦྱོང་དང་མཉམ་ལས་སོགས་ཐད་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།

སློབ་མ་ཚོས་ད་ཐེངས་ཀྱི་གསོ་སྦྱོང་བཀོད་སྒྲིག་ལུགས་མཐུན་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས་སྔོན་དཔག་གི་དམིགས་ཚད་དུ་སླེབས་ཡོད། སླད་ཕྱིན་སློབ་སྦྱོང་གི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ནས་སྦྱངས་ཟིན་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱར་བརྟེན་ནས་གཞི་རིམ་གྱི་སྒྲོག་འགྲེལ་ལས་དོན་གྱི་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ། གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་ལ་གྲུབ་འབྲས་གསར་པ་ལེན་ངེས་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།