“ང་དང་ངའི་མེས་རྒྱལ། ཀྲུང་གོའི་ཚན་རིག་པའི་སྙིང་སྟོབས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”རྒྱལ་ཡོངས་སུ་སྐོར་སྐྱོད་འགྲེམས་སྟོན་བྱེད་པའི་མཚོ་སྔོན་ས་ཚིགས་ཀྱི་བྱེད་སྒོ་དངོས་སུ་སྤེལ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ཚན་རིག་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྤྱི་ཚོགས་ཡོངས་སུ་གསར་གཏོད་ཀྱི་སེམས་ཤུགས་འཕེལ་བ་བཅས་བྱ་ཆེད། ཟླ6པའི་ཚེས3ཉིན། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི“ང་དང་ངའི་མེས་རྒྱལ།—ཀྲུང་གོའི་ཚན་རིག་པའི་སྙིང་སྟོབས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”རྒྱལ་ཡོངས་སུ་སྐོར་སྐྱོད་འགྲེམས་སྟོན་བྱེད་པའི་མཚོ་སྔོན་ས་ཚིགས་ཀྱི་བྱེད་སྒོ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་དུ་དངོས་སུ་མགོ་བརྩམས། 

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྐོར་སྐྱོད་འགྲེམས་སྟོན་ནི་དུས་རབས་གསར་པའི་ཀྲུང་གོའི་ཚན་རིག་པའི་སྙིང་སྟོབས་གཙོ་བོར་བཟུང་སྟེ། རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས་དང་བརྙན་རིས500དང་། དངོས་རྫས55སོགས་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་དཔྱད་ཡིག་འབོར་ཆེན་བརྒྱུད་ནས། སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཆན་ཞུའེ་སེན་དང་ཧོང་ཞུས་ཧྭ་སོགས་ཀྱི་ཚན་རིག་པ་རྒན་རབས120ལྷག་གི་མཛད་རྗེས་རླབས་པོ་ཆེ་གསོན་ཉམས་ལྡན་པའི་སྒོ་ནས་བསྐྱར་དུ་བཀྲམ་ཡོད་ལ། ཀྲུང་གོའི་ཚན་རིག་པས“མེས་རྒྱལ་སེམས་སུ་བཅངས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྒྱལ་གཅེས་སྙིང་སྟོབས་དང་། ཡང་རྩེར་འཛེགས་ཕོད་པ་དང་གཞན་གྱི་སྔོན་དུ་གསར་གཏོད་བྱེད་ཕོད་པའི་སྙིང་སྟོབས། བདེན་དོན་བརྩོན་གཉེར། གཟབ་ནན་གྱིས་རིག་གནས་ལ་བརྩོན་པ་བཅས་བྱེད་པའི་བདེན་འཚོལ་གྱི་སྙིང་སྟོབས་དར་སྤེལ་བཏང་བ་དང་། ཁེ་གྲགས་མི་གཉེར་བར་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས། བློ་གྲོས་གཅིག་བསྡུས་ཀྱིས་འགག་གནད་ལས་སྒྲོལ་བ་དང་མཐུན་སྒྲིལ་སྒོས་མཉམ་འབྲེལ་རོགས་རེས་ཀྱི་སྙིང་སྟོབས་དང་། གཞན་དོན་ལྷུར་ལེན་དང་གཟེངས་བསྟོད་བྱས་རྗེས་སློབ་སྦྱོང་བྱེད་པར་འདོད་པའི་མི་གསོ་སྐྱོང་བྱེད་པའི་སྙིང་སྟོབས”སྔར་ལས་ལྷག་པར་གསལ་བཤད་བྱས་ཡོད། འགྲེམས་སྟོན་དེ“ཀྲུང་གོ་ལགས་ང་ཁྱེད་ལ་དགའ”དང་། “ཆེས་མཛེས་པའི་ཡུལ་ལྗོངས་མཐོ་སྒང་དུ་ཡོད” “མཉམ་དུ་འགག་སྒྲོལ་དང་། གཞན་དོན་ལྷུར་ལེན” “མཐུད་རྒྱུག་སྙིང་སྟོབས་ཀྱི་དཔལ་འབར་བཟུང་ནས་རྒྱང་སྐྱོད་བྱེད”བཅས་ཀྱི་འགྲེམས་ཁུལ་བཞི་རུ་དབྱེ་ཡོད་པ་དང་། སྣ་མང་སྨྱན་སྦྱོར་མཉམ་འགུལ་གྱི་རྣམ་པ་སྤྱད་དེ་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ཚན་རྩལ་ལས་དོན་པས་འབད་འབུངས་མདུན་སྐྱོད་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་གླེང་ཡོད་པ་རེད།

ཉིན་དེར་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ད་དུང“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་ཀྱི་ཆེད་དོན་སྙན་ཞུའི་གྲོས་ཚོགས་འཚོགས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།