ཡུས་ཧྲུའུ་ཡིས“འགྱུར་བ་གསུམ”གྱིས་མང་ཚོགས་ལ་དོན་དངོས་སྒྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་དང་སྡེ་ཁག་སོ་སོས་སློབ་སྦྱོང་གཏིང་ཟབ་ཀྱིས་དངོས་འབད་ལ་སྐུལ་བ་རྒྱུན་འཁྱོངས་དང་། ཧུར་ཐག་གིས་རོང་འབྲོག་དམངས་ལ་དོན་དངོས་སྒྲུབ་པ་དང་དཀའ་ཁག་སེལ་རོགས་བྱས་ཏེ། “གནད་དོན་རྩིས་ཐོ”དེ“འགན་ནུས་ལག་བསྟར་རྩིས་ཐོར”འགྱུར་བ་དང་། “ཁྱིམ་ནས་སྒུག་པ”དེ“རང་འགུལ་གྱིས་ཁྱིམ་དུ་འགྲོ་བར”འགྱུར་བ། “སྲིད་གཞུང་གི་ལས་སྒྲུབདེ“མང་ཚོགས་རང་ཉིད་ཀྱིས་སྒྲུབ་པར”འགྱུར་བར་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་གི་ཕན་འབྲས་དེ“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི”སྒུལ་ཤུགས་སུ་འགྱུར་བར་བྱས།

ཁུལ་ཡོངས་ཀྱི་ས་གནས་སོ་སོའི་ཏང་ཡོན་ལས་བྱེད་པས་སློབ་གསོ་དང་སྨན་བཅོས། འགྲིམ་འགྲུལ་སོགས་དམངས་འཚོ་དོན་དག་གསར་ཤོས་དང་དམ་དུ་འབྲེལ་ཏེ། སྐད་འཕྲིན་བརྗེ་རེས་དང་གཅིག་བསྡུས་བཞུགས་མོལ། སྡེ་བར་སོང་ནས་དུད་ཁྱིམ་དུ་འགྲོ་བ་སོགས་ཡུལ་དངོས་དང་དྲ་ཐོག་གི་རྣམ་པས། གཞི་རིམ་ཏང་ཡོན་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་དུས་ཐོག་ཏུ་རོང་འབྲོག་དམངས་ཀྱིས་བཏོན་པའི་གནད་དོན་རྩིས་ཐོ་དག་ཏང་ཡོན་ལས་བྱེད་པའི“འགན་ནུས་ལག་བསྟར་རྩིས་ཐོར”བསྒྱུར། རིམ་པ་སོ་སོའི་སྨན་བཅོས་སྡེ་ཁག་གི་སྨན་བཅོས་མི་སྣས་གཞི་རིམ་ཁེ་ལས་དང་རོང་འབྲོག་ཁྱིམ་དུ་སོང་ནས་སྨན་སྐྱེལ་བ་དང་། སྨན་སྟེར་བ། བརྟག་བཤེར་སྐྱེལ་བ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། སྨན་པའི་བླ་མེད་སྙིང་སྟོབས་མངོན་པར་མཚོན། 

ཁུལ་ཡོངས་ཀྱི་སྡེ་ཁག་སོ་སོས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ནས་མགོ་བཟུང་ཏེ། 《2021ལོའི“གློད་སྡོམ་ཞབས་གསུམ”བཅོས་བསྒྱུར་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པའི་གཙོ་གནད་བཅོས་བསྒྱུར་གྱི་ལས་འགན་རྩིས་ཐོ》གཏན་འབེབ་བྱས་པ་དང་། ལོ་ལོན་ཞབས་ཞུ་དང་དང་བླངས་པའི་ཞབས་ཞུ་ལས་གནས་བཀོད་སྒྲིག་བྱས་ཏེ། “རྒན་པར་གཅེས་སྐྱོང་བྱེད་པའི་ཆེད་དོན་སྒེའུ་ཁུང”དང་། ལོ་ལོན་རྒན་པའི་བཀག་མེད་བགྲོད་ལམ། བཀག་མེད་སྤྱོད་ཁང་སོགས་སྡེབ་སྒྲིག་བྱས་ཏེ། ལོ་ལོན་རྒན་པར་སྤུས་ལེགས་ཀྱི་ལས་གཉེར་ཞབས་ཞུ་མཁོ་འདོན་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།