མིན་ཡུང་ཧྲན་གྱིས་རང་འགུལ་ངང་རང་སྐྱོན་ཁས་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་མིན་ཡུང་ཧྲན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། ཁོས་རང་འགུལ་ངང་རང་སྐྱོན་ཁས་ལེན་བྱས་ཤིང་། མིག་སྔར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

མིན་ཡུང་ཧྲན་གྱི་ལོ་རྒྱུས་མདོར་བསྡུས། 

1985ལོར། ལྷོ་ནུབ་སྲིད་ཁྲིམས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སྡེ་ཁག་ནས་མཐར་ཕྱིན་ཞིང་། ཁྲིམས་ལུགས་རིག་པའི་ཤེས་རམས་པའི་སློབ་གནས་བླངས། 

1999ལོར། སི་ཁྲོན་སློབ་ཆེན་གྱི་ཉེས་ཁྲིམས་རིག་པའི་ཞིབ་འཇུག་སློབ་མའི་ཟབ་སྦྱོང་འཛིན་གྲྭ་ནས་མཐར་ཕྱིན་པ་དང་། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་བཅའ་ཁྲིམས་དང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུའུ་རེན། ཆིན་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་དང་ཞིབ་དཔྱོད་དཔོན་བཅས་ཀྱི་འགན་འཁུར། 

2006ལོའི་ཟླ9པར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཁོངས་མི་དང་། ཞིབ་དཔྱོད་དཔོན་གཞོན་པའི་འགན་འཁུར། 

2014ལོའི་ཟླ3པར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཞིབ་དཔྱོད་དཔོན་གཞོན་པའི་འགན་འཁུར།

2018ལོའི་ཟླ10པར། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཡི་འགན་ཁུར། 

2018ལོའི་ཟླ11པར། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཞིབ་དཔྱོད་དཔོན་གཞོན་པ། ཞིབ་དཔྱོད་དཔོན་ཚབ་མ་བཅས་ཀྱི་འགན་འཁུར།  

2019ལོའི་ཟླ2པར། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཞིབ་དཔྱོད་དཔོན་གྱི་འགན་འཁུར།   །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།