《ལག་པ་འཁྲུད་གླུ》ཡི་བརྙན་ཐུང་ལ་ཀྲུང་གོའི་བདེ་ཐང་ཚན་རིག་ཁྱབ་གདལ་འགྲན་བསྡུར་ཆེན་མོའི་མཚན་སྙན་གཉིས་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིམས་ནད་ཚོད་འཛིན་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས་བཟོ་སྐྲུན་བྱས་པའི་བརྙན་ཐུངལག་པ་འཁྲུད་གླུ》ལ2020ལོའི་ཀྲུང་གོའི་བདེ་ཐང་ཚན་རིག་ཁྱབ་གདལ་འགྲན་བསྡུར་ཆེན་མོའི་ལོ་འཁོར་གྱི་བྱ་དགའ་རིམ་པ་གསུམ་པ་དང“ཁོར་ཡུག་འཕྲོད་བསྟེན་གྱི་བརྗོད་གཞི”ཡི་བྱ་དགའ་རིམ་པ་དང་པོ་གཉིས་ཐོབ་པ་རེད། 2020ལོའི་ཀྲུང་གོའི་བདེ་ཐང་ཚན་རིག་ཁྱབ་གདལ་འགྲན་བསྡུར་ཆེན་མོའི་བྱེད་སྒོ་ནི་ཀྲུང་གོ་རིམས་ནད་ཚོད་འཛིན་ལྟེ་གནས་དང་། ཀྲུང་གོ་བདེ་ཐང་སློབ་གསོའི་ལྟེ་གནས། ཀྲུང་ཧྭའི་སྔོན་འགོག་གསོ་རིག་སློབ་ཚོགས། ཆིང་ཧྭ་སློབ་ཆེན་རྒྱལ་སྤྱིའི་ཁྱབ་སྤེལ་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། རྒྱལ་ཡོངས་སུ་བརྩམས་ཆོས4500ལྷག་བསྡུ་རུབ་བྱས་ཤིང་། ཀྲུང་གོ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ། ཚན་རིག་རང་བཞིན་དང་། གནད་འཁེལ་རང་བཞིན། གོ་བདེ་བའི་རང་བཞིན། བརྒྱུད་བསྒྲགས་རང་བཞིན་སོགས་ཀྱི་ཐད་སྐོར་ཐེངས་གསུམ་ལ་ཞིབ་དཔྱད་དང་དྲ་རྒྱའི་འདེམས་ཤོག་འཕེན་པའི་བྱེད་སྒོ་སྤེལ་མཐར་བྱ་དགའི་བརྩམས་ཆོས178དང་རྩ་འཛུགས་བྱ་དགའ6བདམས་པ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་བཟོ་སྐྲུན་བྱས་པའི་བརྙན་ཐུངལག་པ་འཁྲུད་གླུ》ཡི་དམིགས་ཡུལ་གཙོ་བོ་ནི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་དང་སློབ་ཆུང་སློབ་མར་ལག་པའི་འཕྲོད་བསྟེན་བདེ་ཐང་གི་གོམས་གཤིས་ཆགས་པར་ཁྲིད་སྟོན་བྱས་ཏེ། རང་ཉིད་ཀྱི་བདེ་ཐང་འདུ་ཤེས་དང་རིམས་ནད་འགོག་སྲུང་འདུ་ཤེས་སྐྱེད་སྲིང་བྱས་ནས་རྐང་ལག་ཁ་ནད་དང་ཁོག་པ་བཤལ་བ་སོགས་འབྲེལ་གཏུག་རང་བཞིན་གྱི་འགོ་ནད་ཐོན་ཚད་ཇེ་ཉུང་དུ་དང་ཚོད་འཛིན་བྱ་རྒྱུ་དེ་རེད། 2019ལོའི་ཟླ11པ་ནས་བཟུང་ཞིང་ཆེན་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ས་ཁུལ་དུ་སྲིད་གཞུང་དང་ལས་དོན་སྡེ་ཁག ཚོང་ཁང་།  སྨན་ཁང་། གཞིས་ཁུལ། མགྲོན་ཁང་། སྒོ་རྩིས་ཚོང་ཁང་སོགས་གཙོ་གནད་ཁུལ་གྱི་གཤེར་ཤེལ་བརྙན་འཕྲིན1000ལྷག་བེད་སྤྱོད་གང་ལེགས་བྱས་ནས། བརྙན་ཐུངལག་པ་འཁྲུད་གླུ》གཅིག་སྡུད་ཐོག་བཏང་ནས་ཉིན་རེར་ཐེངས80ལྷག་བསྟན། 2020ལོའི་ཟླ5པའི་ཚེས20ཉིན་བར་ཁྱོན་ཉིན60ལ་ཐེངས་ཁྲི500ཙམ་བཏང་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།