ཉི་མ་སྒྲོལ་མས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཡུལ་ཚོ་དང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་ལོའི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས31ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་ལོའི་མཐོར་འདེགས་འགུལ་སྐྱོད་དང་ལས་ཁང་གཉིས་དང་སྟེགས་བུ་གཅིག་གི་འཛུགས་སྐྲུན་བྱེད་པའི་འགུལ་བསྐྱོད་ལ་རྟོག་ཞིབ་བྱས་པ་དང་། དམངས་ཆེན་འཐུས་མིས་ལས་གནས་བརྒྱུད་སྤྲོད་ཚོགས་འདུ་ལ་ཞུགས་པར་མ་ཟད། དམངས་ཆེན་འཐུས་མིས་བྱ་འགུལ་ཁང་དུ་སོང་ནས་ལྟ་ཞིབ་བྱས་པ་དང་། གྲོང་ཁྱེར་དང་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན།

ཉི་མ་སྒྲོལ་མས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐིལ་ཕྱིན་བྱས་ཏེ། གཅིག་གྱུར་འཆར་འགོད་དང་། གནས་གཅིག་ནས་སྐུལ་སྤེལ་བྱེད་པ། གྲུབ་འབྲས་གཙིགས་སུ་འཛིན་པ། ཁྱད་ཆོས་འབུར་ཐོན་ཡོང་པ་བཅས་བྱས་ནས། སྤུས་ཚད་མཐོན་པོའི་དམངས་ཆེན་བྱ་བས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། མོས་བསྟན་དོན། ཚད་གཞི་མཐོན་པོའི་སྒོ་ནས་ལས་ཁང་གཉིས་དང་སྟེགས་བུ་གཅིག་གི་ཚད་ལྡན་རང་བཞིན་འཛུགས་སྐྲུན་བྱེད་དགོས། བྱ་བའི་ཚད་གཞི་ལྟར་རེ་བ་འཛིན་པ་དང་། ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། དཔེར་མཚོན་ཆགས་པའི་གསོ་སྐྱོང་ལ་ཤུགས་བསྣན་ནས་ཁུལ་ཁོངས་ཡོངས་ཁེབས་སུ་འཇུག་པ་དང་། བྱ་འགུལ་ཆེར་སྤེལ་ཏེ་ཆེས་མཐོ་བའི་ཚད་གཞི་རང་བཞིན་དང་སྤུས་དག་རང་བཞིན་ལྡན་དགོས། ཞིང་ཆེན་ཡོངས་སུ་ཁང་བ་གཉིས་དང་སྟེགས་བུ་གཅིག་གི་ཚད་ལྡན་རང་བཞིན་འཛུགས་སྐྲུན་བྱེད་པ་ལ་བསྐྱར་བཤུ་བྱས་ཆོག་པ་དང་། ཟུར་བལྟ་བྱས་ཆོག་པ། ཁྱབ་རྡལ་དུ་བཏང་ཆོག་པའི་ཉམས་མྱོང་འདོན་སྤྲོད་བྱ་དགོས། ཐོག་མཐའ་བར་གསུམ་དུ་རྫོང་དང་ཡུལ་ཚོའི་སྐབས་བརྗེ་འདེམ་བསྐོའི་བྱ་བ་ལེགས་པར་སྒྲུབ་དགོས་པ་དང་། དམངས་ཆེན་གནས་ཐིག་ལ་ཚད་ལེན་ཡང་དག་བྱས་ནས། ཆབ་སྲིད་ཀྱི་འགན་འཁུར་ཕྲག་ཏུ་འཁུར་དགོས་པ་དང་། ལས་འགན་གཙོ་བོ་དང་ས་ཚིགས་གལ་ཆེན་དམ་དུ་བཟུང་ནས། ཧུར་ཐག་གིས་དམངས་ཆེན་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། ཡུལ་ཚོ་དང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་ལོའི་བྱ་འགུལ་སྔར་ལས་གཏིང་ཟབ་ཏུ་བཏང་ནས། སྟེགས་བུ་འཛུགས་སྐྲུན་དང་། ལམ་ལུགས་ཚད་ལྡན། སྤུས་ཚད་ནུས་ལྡན། སྒྲིག་སྲོལ་འཛུགས་སྐྲུན། འཐུས་མིའི་འབྲེལ་གཏུག་བཅས་མཐོར་འདེགས་ལྔའི་རེ་བ་ལྟར། རྨང་གཞི་སྲ་བརྟན་དུ་གཏོང་པ་དང་། གཞི་རིམ་འཛུགས་སྐྲུན་ཤུགས་ཇེ་དྲག་ཏུ་གཏོང་དགོས། འཐུས་མིའི་གྲོས་འདོན་བྱ་བ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་པའི་ལྟ་སྐུལ་སྣེ་ཁྲིད་བྱ་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཆེ་ཕྱོགས་དང་དམ་དུ་སྦྲེལ་ཞིང་། དོན་དངོས་ལ་རྐང་བཙུགས་ནས། དམངས་ཀྱི་ལས་དོན་སྒྲུབ་པའི་གོ་རིམ་ཁྲོད་དུ་གྲོས་འདོན་རིན་ཐང་དང་ལས་སྒྲུབ་ཕན་འབྲས་འབུར་དུ་ཐོན་དགོས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།