མཱ་ཧེ་ཡེན་གྱིས་ཟི་ལིང་གྲོང་ཁྱེར་དུ་མཉམ་འབྲེལ་ཇུས་གཞི་གལ་ཆེན་ལ་ལྟ་ཞིབ་འཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས28ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་ཡེན་ཟི་ལིང་གྲོང་ཁྱེར་དུ་ཡོང་ནས་འཚོ་བའི་གད་སྙིགས་མེར་བསྲེགས་ནས་གློག་འདོན་པའི་ཇུས་གཞིར་ལྟ་ཞིབ་འཛུབ་སྟོན་བྱས།

འཚོ་བའི་གད་སྙིགས་མེར་བསྲེགས་ནས་གློག་འདོན་པའི་ཇུས་གཞིའི་ཡུལ་དངོས་སུ། མཱ་ཧེ་ཡེན་གྱིས་ཇུས་གཞིའི་འཕེལ་རིམ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཆུ་གློག་སྒྲིག་ཆས། ལམ་གྱི་འགྲིམ་འགྲུལ་སོགས་ཀྱི་སྒྲིག་འཛུགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཡུལ་དངོས་ནས་གྲོས་ཚོགས་བསྡུས་ཏེ། ཟི་ལིང་གྲོང་ཁྱེར་དང་ཇུས་གཞི་ལས་བཟོའི་འབྲེལ་ཡོད་ལས་ཁུངས་ཀྱི་གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་ཇུས་གཞི་ལག་བསྟར་ཁྲོད་འཕྲད་པའི་དངོས་ཡོད་དཀའ་ཁག་དང་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱས།

མཱ་ཧེ་ཡེན་གྱིས་བསྟན་དོན། ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་ནས་གློག་འདོན་པའི་ཇུས་གཞི་ནི་རང་རེའི་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཟོ་སྐྲུན་དང་དམངས་ཀྱི་འཚོ་ཚིས་བཟོ་སྐྲུན་ཡིན་ལ། རང་རེའི་ཞིང་ཆེན་གྱི་འཚོ་བའི་གད་སྙིགས་བསྲེགས་ནས་གློག་འདོན་པའི་སྒྲིག་ཆས་ཐོག་མ་ཡིན། འབྲེལ་ཡོད་སྡེ་ཁག་དང་ཇུས་གཞིའི་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་རང་ནུས་གང་ཡོད་སྒོས་ཇུས་གཞིའི་འཛུགས་སྐྲུན་བདེ་ལེགས་ངང་ལེགས་འགྲུབ་འབྱུང་བར་རྒྱབ་སྐྱོར་བྱེད་དགོས། མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ནས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས་ལ། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཇུས་གཞི་སྔ་མོ་ནས་འགྲུབ་པར་ཁག་ཐེག་བྱེད་དགོས།  དཔལ་ཡོན་ལས་བཟོའི་དོ་དམ་ལ་ཤུགས་སྣོན་དགོས་ལ། བྱེད་ཐབས་ནུས་ལྡན་སྤྱད་ནས་ཇུས་གཞིའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དོན་འཁྱོལ་བྱས་ནས་ཉེ་འཁོར་གྱི་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་ཚད་ཇེ་ཉུང་དུ་གཏོང་དགོས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།