སྐབས་དང་པོའི་ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུའི་ཁྱད་ཆོས་མངོན་གསལ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྐབས་དང་པོའི་ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུའི་ཟི་ལིང་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་སྐབས་དང་པོའི་ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུས་སྐྱེ་ཁམས་བརྗོད་དོན་འབུར་ཐོན་ཡིན་ལ། གསར་གཏོད་དང་སྒོ་འབྱེད། དངོས་ཕན་བཅས་ཀྱི་ཁྱད་ཆོས་འབུར་ཏུ་བཏོད་ཡོད།

བཤམས་སྟོན་ཚོགས་འདུ་ཆེད་ལས་ཅན་དང་ཚོང་ར་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། གཅིག་བསྡུས་གྲོན་ཆུང་སྒོས་ཚོགས་འདུ་སྒྲུབ་པའི་འདུ་ཤེས་ཀྱིས། དངོས་མང་བཤམས་སྟོན་ཚོགས་འདུས་ཚོང་ར་ཅན་གྱི་ཚོང་འགུག་དང་འགྲེམ་འགུག་གི་སྒྲིག་སྲོལ་ཐད་གསར་གཏོད་དང་། སུས་འཇོན་དེ་འགུག་གི་རྣམ་པས་ཆེད་ལས་ཅན་གྱི་འགྲེམ་སྒྲུབ་ཚོགས་པ་ནང་འདྲེན་བྱས། ནུབ་རྒྱུད་ཞིང་ཆེན་སྲིད་གཞུང་གིས་འགྲེམ་ཚོགས་སྒྲུབ་པའི་ཆ་ནས། ཐེངས་འདིའི་དངོས་མང་བཤམས་སྟོན་ཚོགས་འདུས་ཚོང་ར་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་ཅུང་མཐོ་བ་ཡིན། དུས་མཚུངས་སུ། གསར་གཏོད་ཐན་ཉུང་གི་ཚོགས་སྒྲུབ་རྣམ་པས་དངོས་མང་བཤམས་སྟོན་ཚོགས་འདུ་རང་སྟེང་གིས་ཐན་ཕྱིར་གཏོང་འབྱུང་བར་གཞིགས་ནས། རང་ཞིང་གིས་ཐན་ཕྱིར་གཏོང་གི་རྟགས་ཚད་ཉོ་སྒྲུབ་བྱས་ཡོད་པ་དང་། “སྐྱེ་ཁམས་དཔལ་ཡོན་མཉམ་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད”རྩ་དོན་ཡིན་པའི་གླེང་སྟེགས་སྒྲུབ་པའི་གོ་རིམ་ཁྲོད་ཐན་ཕྱིར་གཏོང་བྱས་ཏེ། ཐན་སྙོམ་སྦྱོར་གྱི་ཚད་རིམ་དུ་སླེབས་པར་བྱེད་པ་དང་། ཐ་ན་ཐན་ཕྱིར་གཏོང་ཅི་ཡང་མེད་པ་མངོན་འགྱུར་བྱེད་རྒྱུ་རེད།

དེའི་རྨང་གཞི་སྟེང་། སྐབས་དང་པོའི་སྐྱེ་ཁམས་དངོས་མང་བཤམས་སྟོན་གྱིས་རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་དང་སྐྱེ་ཁམས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས། སྐྱེ་ཁམས་ཐོན་རྫས་ཉོ་ཚོང་མཉམ་འདྲེས། སྐྱེ་ཁམས་རིན་ཐང་བསྒྱུར་བཅོས་མཉམ་ལས་བཅས་ལ་སྐུལ་འདེད་གང་ལེགས་བྱས་ཤིང་། རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁེ་ལས་མིང་གྲགས་ཅན་དང་། འགྲེམ་ཞུགས་ཚོང་བ། ཆེད་ལས་ཉོ་སྒྲུབ་ཚོང་བ་བཅས་འགྲེམ་ཚོགས་སུ་ཞུགས་པར་གདན་དྲངས་པ་དང་། ལག་རྩལ་ལ་བརྟེན་ནས་ཐོན་རྫས་འགྲེམ་སྟོན་དང་། གླེང་སྟེགས་བགྲོ་གླེང་། དྲིལ་སྒྲོག་འོས་སྦྱོར། མཐུད་སྦྲེལ་མཁོ་འདོན། གླེང་མོལ་མིང་རྟགས་འགོད་པ་སོགས་བརྒྱུད་དེ། རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁེ་ལས་བར་འབྲེལ་ཟམ་བཙུགས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།