ཝང་ཞོན་གྱིས་མཚོ་བྱང་ཁུལ་དུ་རྟོག་ཞིབ་མཛུབ་སྟོན་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས25ཉིན་ནས་ཚེས27ཉིན་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་ཁོངས་གཏོགས་རྫོང་བཞི་རུ་ཁུལ་སོང་སྟེ་ཁུལ་དང་རྫོང་གི་སྲིད་གྲོས་བྱ་བར་རྟོག་ཞིབ་མཛུབ་སྟོན་གནང་།

རྟོག་ཞིབ་སྐབས་སུ། ཝང་ཞོན་གྱིས་སོ་སོར་ཁུལ་དང་རྫོང་ཏང་ཨུ། སྲིད་གཞུང་། སྲིད་གྲོས་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བརྗེ་རེས་བྱས་པ་དང་། ཏན་ཏིག་གིས་འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་། དོན་དངོས་ཀྱི་དཀའ་ཁག་གི་བསམ་ཕྱོགས་དང་བྱེད་ཐབས་ལ་དབྱེ་ཞིབ་ཞིབ་འཇུག་བྱས་པ་དང་། ཁུལ་དང་རྫོང་སྲིད་གྲོས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བཟོ་བར་འཚམ་འདྲི་བྱས་པ་མ་ཟད། མཉམ་དུ་ཏང་གི་སློབ་སྦྱོང་སློབ་གསོ་སྤེལ།

ཝང་ཞོན་གྱིས་ནན་གྱིས་བསྟན་དོན། དུས་རབས་གསར་བས་མི་དམངས་སྲིད་གྲོས་བྱ་བར་བླང་བྱ་གསར་བ་བཏོན་པ་དང་། སྲིད་གྲོས་ཀྱི་བྱ་བ་དེ་དུས་སྐབས་གང་ཞིག་ལས་ཀྱང་གལ་ཆེ་བས། བློ་སེམས་གཅིག་སྒྲིལ་གྱིས་མི་དམངས་སྲིད་གྲོས་ཀྱི་སྒྲིག་སྲོལ་དགེ་མཚན་འདོན་སྤེལ་བྱེད་པ་དང་། མི་དམངས་སྲིད་གྲོས་སྒྲིག་སྲོལ་སྔར་ལས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། གོ་སྐབས་དམ་འཛིན་དང་། ནུས་ཤུགས་བཏོན་ནས་གཞི་རིམ་སྲིད་གྲོས་ཀྱི“ཞན་ཆ་གཉིས”ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་དགོས། བསམ་ཕྱོགས་གསལ་བོ་དང་ཏན་ཏིག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དགོངས་དོན་ལ་ཞིབ་འཇུག་དང་།དཔེ་ཀློག་བྱས་ནས། རང་ས་ཁུལ་དང་ལས་ཁུངས་ཀྱིས་ཐག་གཅོད་བྱེད་དགོས་པའི་གནད་དོན་རེ་རེ་བཞིན་གསེད་འདེམས་དང་རྩིས་ཐོ་འགོད་པ། བྱེད་ཐབས་འདོན་དགོས། འབྲེལ་འདྲིས་ལ་ཤུགས་བསྣན་ནས། རང་འགུལ་སྒོས་ཏང་ཨུའི་མགོ་ཁྲིད་གཙོ་བོར་སྙན་ཞུ་འབུལ་དགོས། ཧུར་ཐག་གིས་འབྲེལ་ཡོད་སྡེ་ཁག་དང་མཐུད་སྦྲེལ་བཟང་བོ་བྱས་ནས། གཞི་རིམ་སྲིད་གྲོས་ཀྱི་བྱ་བའི་མི་འདང་ས་ཁ་གསབ་དང་འགན་ནུས་ལག་བསྟར་གྱི་ཕན་འབྲས་མཐོ་རུ་བཏང་སྟེ། སྲིད་གྲོས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།