ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རྣམ་པ་གསར་གཏོད་དང་ཁྱད་ཆོས་ལྡན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད།  མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རྣམ་པ་གསར་གཏོད་དང་ཁྱད་ཆོས་ལྡན་པའི་བྱ་འགུལ་སྒྲིག་འཛུགས་བྱས་ཏེ།  གསར་དུ་བསྐྲུན་པའི་དངོས་བཤུས་གློག་བརྙན《ཚབ་མིང221》དང《མཚོ་སྔོན་ནི་ང་ཚོའི་རྒྱལ་ཁབ་སྤྱི་གླིང་ཡིན》།《རྟ་རྒྱུག་ཐང་གི་སྤྲིན་དཀར》བཅས་དང་།  འགུལ་རིས་གློག་བརྙན《རྒྱང་རིང་གི་ས་གཞི》ཞེས་པ་སོགས་རྒྱང་སྒྲོག་བརྙན་འཕྲིན་བརྩམས་ཆོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྣམ་པ་ཕུན་སུམ་ཚོགས་པར་བཏང་བ་མ་ཟད།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་ཀྱང་ཕུན་ཚོགས་སུ་བཏང་སྟེ།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་གཏིང་ཟབ་ངང་སྐུལ་འདེད་བཏང་།  

ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་བརྗོད་དོན་གལ་ཆེན་གཙིགས་སུ་བཟུང་ནས།  རྒྱང་སྒྲོག་བརྙན་འཕྲིན་གྱི་གསར་འགྱུར་གཙོ་བོར་ཤུགས་བསྣན་ནས།  “གཙོ་འཛིན་གྱི་བསམ་བློ་དང་མཚོ་སྔོན་གྱི་ལག་ལེན”།  “བསམ་བློའི་འོད་ཟེར”།  “གཙོ་འཛིན་དང་མང་ཚོགས”ཞེས་པ་སོགས་ཀྱི་ལེ་ཚན་གཙོ་བོ་དག་གསར་འཛུགས་བྱས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་དུ་ལག་བསྟར་གཏིང་ཟབ་བྱས།  དངོས་བཤུས་གློག་བརྙན་དང་འགུལ་རིས་གློག་བརྙན་གྱི་གསར་རྩོམ་བྱེད་ཤུགས་ཆེ་རུ་བཏང་བ་དང་།  གསར་རྩོམ་བྱེད་སྒོའམ་ཡང་ན་གསར་རྩོམ་འཟོ་འགོད་ལག་བསྟར་བྱེད་རྒྱུ་གཞི་རྟེན་དུ་བཟུང་ནས“འོད་སྟོང་ལྡན་པའི་ཀྲུང་གོའི་ཕུགས་འདུན་ཞེས་པའི་དངོས་བཤུས་གློག་བརྙན་ལ་བརྟེན་ནས་ལས་གཞི་ཇེ་ལེགས་སུ་གཏོང་རྒྱུར་རོགས་སྐྱོར་བྱེད་པར”སྐུལ་འདེད་བཏང་།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བ་དང་དོན་རྐྱེན་གལ་ཆེན་ལ་དམིགས་ནས།  “རེ་བས་ཁེངས་པའི་ས་ཞིང”དང“མཐོ་སྒང་ལ་ལྟ་སྲུང་བྱེད་པ”ཞེས་པའི་དངོས་བཤུས་གློག་བརྙན་གྱི་ལས་གཞི་ཇེ་ལེགས་སུ་གཏོང་བའི་བྱ་འགུལ་སྤེལ་བ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།