ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་ཡོངས་སུ“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་མཇུག་བསྒྲིལ་རྗེས། མཚོ་སྔོན་ཞིང་ཆེན་གྱིས་འཕྲལ་མར་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བར་ཤུགས་སྣོན་རྒྱག་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྒྱུར་བཅོས་གཏིང་ཟབ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་བརྟེན་ནས་ཁྲོམ་རའི་གཙོ་གཞི་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཁྲོམ་རའི་གཙོ་གཞིའི་འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་གོ་སྐབས་མང་དུ་གཏོང་བ་དང་གྲོང་མིའི་ཡོང་འབབ་ཇེ་མང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གིས་གྲོས་ཚོགས་ལ་མགོ་འཛིན་གནང་བ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་ཞིང་ཆེན་ཡོངས་ཀྱི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལས་དོན་གྱི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལི་མིང་། ཧྲིན་ཀྲང་གཞོན་པ་ཁུང་ཡུང་། ཀྲང་ལི། དབྱང་ཀྲི་ཝུན་བཅས་གྲོས་ཚོགས་ལ་ཞུགས།

ཞིན་ཁྲང་ཞིང་གིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་བཙུགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་ཏུ་གཏོང་བ། གནད་ལ་འཁེལ་བ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པའི་དམིགས་ཚད་དང་ལས་འགན་ལ་དམིགས་པ། “བརྟན་འཇགས་དྲུག”དང“འགན་ལེན་དྲུག”ལ་དམིགས་པ་བཅས་བྱས་ཏེ་གཙོ་གནད་དམ་འཛིན་དང་གནད་ཁེལ་ལ་ཤུགས་འདོན་དགོས། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཞིབ་ཕྲའི་དོན་འཁྱོལ་བྱེད་པ་དང་། ཁྲོམ་རའི་གཙོ་གཞིར་དམིགས་པ། སྲིད་ཇུས་ཀྱི་ཕན་འབྲས་ཡང་དག་པར་ཁོང་དུ་ཆུད་པ། ནོར་སྲིད་མ་དངུལ་ཐད་ཀར་གཏོང་བའི་ལམ་སྲོལ་ལག་བསྟར་ནན་མོ་བྱེད་པ། ཁེ་ལས་དང་འབྲེལ་བའི་གྲོན་བསྡུའི་ཆེད་དོན་བཅོས་སྒྲིག་མུ་མཐུད་དུ་སྤེལ་བ། ལས་ཞུགས་ཀྱི་སྒོ་ཐེམ་སྔར་བས་ཇེ་དམའ་རུ་གཏོང་བ་བཅས་བྱས་ཏེ་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཁྲོམ་རའི་གཙོ་གཞིས་ལོངས་སྤྱོད་ཐུབ་པ་བྱེད་དགོས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གཞི་རིམ་དུ་དབང་ཆ་སྤྲོད་པའི་ལུགས་མཐུན་རང་བཞིན་དང་གནད་འཁེལ་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་གཉེར་སྐྱོང་དང་མ་འཇོག་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་གནད་དོན་ཐག་གཅོད་བྱེད་པ། མ་འཇོག་གི“ཞིབ་མཆན་གསར་སྤེལ”དང་བཟོ་སྐྲུན་ལས་གཞིའི་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིན་ཁྲང་ཞིང་གིས་ས་གནས་ཁག་དང་སྡེ་ཁག་སོ་སོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་འགན་འཁྲི་ནན་པོ་འཁུར་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ། འཚོལ་ཞིབ་གསར་གཏོད་ཧུར་ཐག་བྱེད་པ། ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་པ་བཅས་བྱས་ནས། མུ་མཐུད་དུ་ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣོན་པ། མི་དམངས་མང་ཚོགས་ལ་སྟབས་བདེ་སྐྲུན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གྲོས་ཚོགས་སྟེང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་གཏམ་བཤད་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།