​“སྦྲ་གུར་ཁྲིམས་ཁང” གིས་དམངས་ལ་སྟབས་བདེ་སྐྲུན་པ།

2bfcf697-02f6-4e93-a9c1-23a192ab0718.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས22ཉིན་རྨ་སྟོད་རྫོང་ལ་ས་འགུལ་བྱུང་བ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དང་རྫོང་རིམ་པའི་ཁྲིམས་ཁང་གི་ཉེན་རྟོག་པས“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”ཞེས་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། “སྦྲ་གིར་ཁྲིམས་ཁང”བཙུགས་ནས་ཁྱོན་ཡོངས་སུ་གནོད་འགོག་མྱུར་སྐྱོར་བྱ་བའི་ལས་སུ་ཞུགས་ཏེ། ཧུར་ཐག་གིས་གནོད་འཚེ་སྐབས་ཀྱི་འདྲི་གཅོད་ཁྲིམས་འཛིན་འགན་ནུས་ལག་བསྟར་བྱས་པ་དང་། འགལ་ཟླ་སྣ་ཚོགས་ཐག་གཅོད་ནན་མོ་བྱེད་པ་སོགས་རྨ་སྟོད་རྫོང་གི་ཐོན་སྐྱེད་འཚོ་བ་སླར་གསོ་བྱེད་པར་ཁྲིམས་འཛིན་ཐད་ཀྱི་འགན་སྲུང་བྱས་པ་དང་། ལག་ལེན་དངོས་ཀྱིས་གནོད་འགོག་མྱུར་སྐྱོར་སྐབས་སུ་མི་དམངས་ཁྲིམས་ཁང་གི་འགན་འཁྲི་དང་དུ་བླངས།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།