མཚོ་སྔོན་ཞིང་ཆེན་གྱི2021ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བ”མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི2021ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བ”དང“ཚོགས་འདུ་གཅིག་དང་བྱང་བུ་གསུམ”གྱི་མགོ་རྩོམ་མཛད་སྒོ་ཟི་ལིང་དུ་འཚོགས། ད་ལོའི་ཞིང་ཆེན་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོའི་དུས་ཚོད་ནི2021ལོའི་ཟླ6པའི་ཚེས1ནས་ཚེས30ཉིན་བར་ཡིན་པ་དང་། མཛད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར་དམ་ཏུ་དམིགས་ཏེ། བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་འགུལ་སྐྱོད་གཅིག་སྡུད་འགག་སྒྲོལ་ལ་སྐུལ་འདེད་ཏན་ཏིག་བཏང་ནས། བདེ་འཇགས་ཐོན་སྐྱེད་དང་འབྲེལ་བའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་རབ་དང་རིམ་པ་སྤེལ་བ་དང་། གྲོང་ཁྱེར་དང་ཁུལ་སོ་སོ། ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ལས་ཁུངས། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་དང་ཞིང་ཆེན་གྱི་དོ་དམ་ཁེ་ལས་བཅས་ཀྱིས་ཁྱོན་ཡོངས་ནས་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་རེད།

ཉིན་དེའི་མགོ་རྩོམ་མཛད་སྒོ་ནི་མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་དང་ཟི་ལིང་གྲོང་ཁྱེར་འཕྲལ་བསྟུན་དོ་དམ་ཅུའུ་ཡིས་འགན་སྒྲུབ་གནང་ཞིང་། ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ལས་ཁུངས་གཙོ་བོ་དང་། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་དང་ཞིང་ཆེན་ཁོངས་གཏོགས་ཀྱི་གཙོ་གནད་ཁེ་ལས40ལྷག་གི་ཁྱོན་བསྡོམས་མི400ལྷག་ཙམ་མཛད་སྒོར་ཞུགས། མགོ་རྩོམ་མཛད་སྒོའི་སྟེང་དྲ་རྒྱ་བརྒྱུད་ཞིང་ཆེན་ཡོངས་ལ་ཕྱོགས་ཏེ་དུས་མཉམ་དུ་ཐད་གཏོང་བྱས་པ་དང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ལས་ཁུངས་ཀྱིས་གཅིག་གྱུར་ཀྱིས་རྩ་འཛུགས་བྱས་ནས་བལྟས་པ་རེད། མགོ་རྩོམ་མཛད་སྒོ་སྤེལ་ཡུལ་དུ་བྱེད་སྒོར་ཞུགས་མཁན་མི་སྣས་བདེ་འཇགས་གྲོས་གཞིའི་མིང་རྟགས་འགོད་པའི་ལྡེབས་ངོས་སུ་གྲོས་གཞི་བཀོད་པ་མ་ཟད། མིང་རྟགས་བཀོད་དེ་རྒྱ་ཆེའི་ཐོན་སྐྱེད་པར་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཀྱི་འགན་འཁྲི་དང་། བདེ་འཇགས་གཉེར་སྐྱོང་། བདེ་འཇགས་འཕེལ་རྒྱས་བཅས་བློ་ལ་བརྟན་པོར་ངེས་དགོས་པའི་གྲོས་གཞི་བཏོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100ལོན་པར་རྟེན་འབྲེལ་ཞུ་ཆེད། མཛད་སྒོའི་ཁྲོད་ཁེ་ལས་ཁག་གི་ཏང་ཡོན་འཐུས་མི100ཡིས་ཡུལ་དངོས་སུ་བདེ་འཇགས་ཐོན་སྐྱེད་བྱེད་པའི་དམ་བཅའ་བཞག་པ་དང་། བདེ་འཇགས་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། བདེ་འཇགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་གནས་ལུགས་ཤེས་པའི་མི་ཞིག་བྱེད་པར་བརྩོན་ལེན་བྱེད་པ། དོན་རྐྱེན་མེད་པའི་བདེ་འཇགས་ཁེ་ལས་བརྩོན་ལེན་བྱེད་པར་དམ་བཅས་པ་རེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།