རྨ་ཆུ་ཤང་ཞག་སྡོད་སློབ་གྲྭའི་དྲུག་གཅིག

སྟངས་སྟབས།

དག་གཙང་གི་བྱིས་བློ།

སློབ་མའི་ཉལ་ཁང་ནས་རིག་རྩལ་ལ་བལྟ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན་ནི“5·22”རྨ་སྟོད་ས་ཡོམ་རྗེས་ཀྱི་ཉིན་བཅུ་གཅིག་པ་ཡིན་ལ། དེ་ཏག་ཏག་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་དང་ཁེལ་ཡོད། གནོད་ཁུལ་གྱི་དགེ་སློབ་ལ་མཚོན་ན། འདི་ནི་ཐུན་མོང་མ་ཡིན་པའི་ཉིན་ཞིག་ཡིན། 

ཆུ་ཚོད9བར། ང་ཚོའི་གསར་འགོད་པ་རྨ་ཆུ་ཤང་ཞག་སྡོད་སློབ་གྲྭའི་སྒོ་ཆེན་འགྲམ་དུ་ཐོན་དུས། སློབ་གྲྭའི་ར་སྐོར་ནས་གསོན་ཤུགས་ཀྱིས་ཁེངས་བའི་མཉམ་དཀྲོལ་རོལ་མོའི་དབྱངས་རྟ་རེ་རེ་རྣ་ལམ་དུ་གྲགས་འོངས་བ་དང་། སློབ་གྲྭའི་ལུས་རྩལ་ར་བར་སློབ་མ་ལ་ལས་བཞིན་ལ་སྐེག་ཚོས་བྱུག་ཅིང་ལུས་ལ་སློབ་ལྭ་གསར་བ་གྱོན་ཡོད། སློབ་མ་ལ་ལས་ད་དུང་ཆེད་དུ་བོད་ལྭ་གྱོན་ཡོད། སློབ་མ་དེ་ཚོ་རས་གུར་སྔོན་པོ་དག་གི་བར་གསེང་ནས་ཡར་རྒྱུག་མར་རྒྱུག་བྱེད་ཅིང་དགའ་བའི་རྩེད་འཇོར་གཡེང་ཡོད། ལྟད་མོར་ཡོང་བའི་ཁྱིམ་བདག་དག་གི་ལག་གི་ཁ་པར་ལས་བྱིས་པ་དག་གི་དགའ་སྤྲོའི་མཛུམ་མདངས་བརྙན་མིག་ཏུ་བསྡུས་སོང་། 

ཉིན11སྔོན་གྱི་མཚན་གུང་དུ་ཚད་རིམ་མཐོ་བའི་ས་ཡོམ་བརྒྱབ་པ་དེས་སློབ་ཁང་དང་ཉལ་ཁང་གི་གྱང་ངོས་གས་པ་དང་། སློབ་གྲྭའི་མཁར་ཁ་ཤས་འགྱེལ་ཡོད། སྐབས་དེར་དགེ་སློབ་ཚང་མའི་སེམས་སུ་དངངས་སྐྲག་གིས་ཁེངས་ཡོད། ས་ཡོམ་བརྒྱབ་རྗེས། ཁོད་ཡངས་བའི་ལུས་རྩལ་ར་བར“རས་གུར་ཉལ་ཁང”དང“རས་གུར་སློབ་ཁང”མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་ཕུབ་པ་དང་། སྐྱོར་ཀློག་གི་དབྱངས་རྟ་རེ་རེ་ཡང་བསྐྱར་སློབ་གྲྭའི་ར་སྐོར་ནས་མཆེད། 

ཆུ་ཚོད10བར་དུས་ཆེན་གྱི་མགོ་ཚུགས་མཛད་སྒོ་བསྡུས་ཞིང་། སློབ་གཙོ་ཀྲང་ཡའེ་ཆིན་གྱིས་བཤད་རྒྱུར། ད་ཐེངས་ཀྱི་དུས་ཆེན་ང་ཚོས་རས་གུར་ནང་ནས་རོལ་བ་ཡིན་ཡང་། ང་ཚོ་མེས་རྒྱལ་གྱི་པང་དུ་ཡོད་པས་འཇིགས་སྐྲག་ཅུང་ཙམ་ཡང་མེད་ལ། མེས་རྒྱལ་གྱི་བྱམས་བརྩེ་ཚོར་ཐུབ་པས་སེམས་ལ་སྤྲོ་བས་ཁེངས་ཡོད་ཟེར།

འབྲེལ་ཡོད་དགེ་རྒན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ས་ཡོམ་རྗེས་སུ། རས་གུར་དང་ཉལ་ཁྲི། ཉལ་གདན་དང་ཉན་ཐུལ། ཟ་མ་སོགས་དངོས་ཟོག་མང་པོ་སློབ་གྲྭར་བསྐྱལ་ཡོང་བ་དང་། ཏང་དང་སྲིད་གཞུང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་སེམས་ཁུར་ལ་དྲིན་གཟོ་ཆེད། ང་ཚོས་ཆེད་དུ《ང་དང་ངའི་མེས་རྒྱལ》ཞེས་པའི་མཉམ་ལེན་གླུ་དབྱངས་ཞིག་བཀོད་སྒྲིག་བྱས་ཡོད། 

དགེ་རྒན་དེས་ད་དུང“ད་ལྟ་ང་ཚོར་ཁྲུས་ཁང་ཡང་ཡོད་དེ། ཁ་སང་བསྐྱལ་ཡོང་བ་རེད། བྱིས་པ་དག་ལ་མཚོན་ན་འདི་ནི་ཆེས་བཟང་བའི་ལེགས་སྐྱེས་ཞིག་རེད”ཅེས་བཤད། དགེ་རྒན་དེས་མཛུབ་མོས་བསྟན་པའི་ཁ་ས་དེར་བལྟས་ཚེ། ལུས་རྩལ་ར་བའི་ཟུར་ཞིག་ཏུ་སྤོ་འགུལ་བྱེད་ཆོག་པའི་ཁྲུས་ཁང་གཉིས་མིག་ལམ་དུ་ ང་ཚོའི་མིག་ལམ་དུ་མངོན་པ་དང་། ཁྲུས་ཁང་གཉིས་སུ་ཁྲུས་ཆས10བཙུགས་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།