འཛམ་གླིང་གི་གནམ་རིག་སྒྲིག་ཆས་རྩེ་གྲ་ཞིག་མཚོ་སྔོན་དུ་འཛུགས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཆིང་ཧྭ་སློབ་ཆེན་གྱིས་ཞེང་ཆེའི་མཁའ་དབྱིངས་རྒྱང་ཤེལ(MUST)ལས་གཞི་མཉམ་ལས་ཆོད་ཡིག་ལ་མིང་རྟགས་བཀོད་ནས་ཐུན་མོང་ཐོག་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལེང་ཧུའུ་གྲོང་རྡལ་གསེར་ཐང་རི་ནས་ཞེང་ཆེའི་མཁའ་དབྱིངས་རྒྱང་ཤེལ་ལས་གཞི་འཛུགས་སྐྲུན་བྱ་རྒྱུ་དང་། MUSTལས་གཞི་དེ་འཛམ་གླིང་གི་རྩེར་སོན་གནམ་རིག་སྒྲིག་ཆས་སུ་བསྐྲུན་རྒྱུའི་གྲོས་མཐུན་བྱུང་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་མགོ་འཛིན་གཞོན་པ་ལི་ཅེ་ཞང་དང་ཆིང་ཧྭ་སློབ་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་སློབ་སྤྱི་གཞོན་པ་ཝང་ཤིའི་ཆིང་རྣམ་གཉིས་ཀྱིས་ཕྱོགས་གཉིས་པོའི་སྐུ་ཚབ་ཞུས་ནས་མཉམ་ལས་ཆོད་ཡིག་ལ་མིང་རྟགས་བཀོད། 

微信图片_20210602161316.jpg

མ་འོངས་པའི་ལོ་བཅུའི་ནང་། གནམ་དཔྱད་རིག་པ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་རྒྱུ་ཡིན་ཞིང་། རྒྱལ་སྤྱིའི་ཐོག་གཞི་ཁྱོན་ཆེ་བའི་འོད་འཇལ(པར་ལེན)མཁའ་དབྱིངས་སྐོར་ཞིབ་སྒྲིག་ཆས་ཁག་གཅིག་བཀོད་སྒྲིག་བྱ་རྒྱུ་རེད། འོན་ཀྱང་འོད་འཇལ་སྐོར་ཞིབ་སྒྲིག་ཆས་དེ་དག་ལ་དེ་དང་མཐུན་པའི་འོད་ཤལ་སྐོར་ཞིབ་ཆས་ཀྱིས་འདང་གི་མེད། དེར་བརྟེན་ཆིང་ཧྭ་སློབ་ཆེན་གྱིས་ཞེང་ཆེའི་མཁའ་དབྱིངས་རྒྱང་ཤེལ(MUlttplex Speeectolscrscopic Teleescope)བསྐྲུན་རྒྱུའི་གྲོས་མགོ་བཏོན་ཡོད་པ་རེད།   ཆིང་ཧྭ་སློབ་ཆེན་གནམ་རིག་ཚན་ཁག་གིས་རྒྱལ་ཁབ་གནམ་རིག་ལས་ཁུངས་ཀྱི་ས་གནས་འདེམ་མཁན་ཚོགས་པ་དང་མཉམ་དུ་ཚོད་དཔག་བྱས་པ་ལྟར་ན། མཚོ་སྔོན་གྱི་ལེང་ཧུའུ་གྲོང་རྡལ་གསེར་ཐང་རི་བོའི་རྩེ་མོ་ནི་རྒྱལ་ནང་གིMUSTའཛུགས་པའི་ས་གནས་ཡག་ཤོས་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད། 

གྲོས་མཐུན་ཆོད་ཡིག་ལ་གཞིགས་ན། MUSTརྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར13ཙམ་གཏང་རྒྱུ་དང་། འཛུགས་སྐྲུན་དུས་ཡུན་ལོ7ཡིན་ལ། ཆ་རྐྱེན་འཛོམས་སྐབས་གནམ་རིག་ཚན་རིག་ཁྱབ་གདལ་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཆིང་ཧྭ་སློབ་ཆེན་གྱིས་ལས་གཞི་དེར་སྐུལ་འདེད་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཕྱོགས་གཉིས་པོས་མཉམ་འབྲེལ་ཐོགMUSTལས་གཞི་ལས་དོན་སྐུལ་འདེད་ཚོགས་ཆུང་བཙུགས་ཡོད།  མིག་སྔར། མཚོ་ནུབ་ཁུལ་སྲིད་གཞུང་གིས་ལེང་ཧུའུ་གནམ་དཔྱད་ཚན་རྩལ་གསར་གཏོད་གླིང་གི་དོ་དམ་ཨུ་ལྷན་བཙུགས་ཡོད། ལས་གཞི་དེ་ལག་ལེན་བྱས་པ་བརྒྱུད་ས་གནས་ཀྱི་དཔལ་འབྱོར་སྒྱུར་བཅོས་འཕེལ་རྒྱས་གཏང་རྒྱུ་དང་ཆིང་ཧྭ་སློབ་ཆེན་གྱི“རྩེ་གྲ་གཉིས”ཀྱི་སློབ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།