《མཚོ་སྔོན་གྱི་དམངས་སྲོལ་ལོ་རྒྱུས》པར་སྐྲུན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ལྷན་གྱི་རྩོམ་སྒྲིག་དང་མཚོ་སྔོན་དམངས་སྲོལ་སློབ་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཙུང་ཧྥུའུ་ཡིས་གཙོ་སྒྲིག་བྱས་པའི《མཚོ་སྔོན་གྱི་དམངས་སྲོལ་ལོ་རྒྱུས》དེ་སྤྱི་ཚོགས་ཚན་རིག་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། 

《མཚོ་སྔོན་གྱི་དམངས་སྲོལ་ལོ་རྒྱུས》ནི་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་གྱི་དམངས་སྲོལ་སློབ་ཚོགས་མངགས་བཅོལ་བྱས་ནས་རྩོམ་སྒྲིག་བྱས་པའི་ཁྱད་ལྡན་ལོ་རྒྱུས་ཤིག་རེད། ཞིབ་འཇུག་བྱ་གཞི་དེ2015ལོའི་ཟླ9པར་བཙུགས་ཤིང་། 2016ལོའི་ཟླ3པའི་ཟླ་མགོར་དངོས་སུ་ཞིབ་འཇུག་བྱེད་མགོ་ཚུགས། ཞིབ་འཇུག་བྱ་གཞི་ཚོགས་ཆུང་གི་ཁོངས་མི30ལྷག་གིས་རྒྱུན་ཆད་མེད་པར་ཚད་ལྡན་ཡིག་ཆར་འཚོལ་ཞིབ་དང་། ཡུལ་དངོས་བརྟག་དཔྱད། ཞིབ་འཇུག་དཔྱད་འབྲི་བཅས་སྤྱད་དེ་ལོ་རྒྱུས་འདི་ལེགས་སྒྲུབ་བྱས་པ་རེད། 

དཔེ་དེབ་དེས་མཚོ་སྔོན་གྱི་དམངས་སྲོལ་རིག་གནས་ལ་ཆ་ཚང་ཞིང་རྒྱུད་རིམ་ལྡན་པ། ལངས་གཟུགས་ཅན་གྱི་གསེད་བཀྲོལ་ཐེངས་དང་པོ་བྱས་ཡོད། དེབ་ཡོངས་ཀྱི་ཁག8དང་ལེའུ27ལ་ཡིག་འབྲི་ཁྲི148ཡོད་ཅིང་། དེར་དངོས་པོ་ཐོན་སྐྱེད་ཀྱི་དམངས་སྲོལ་དང་། དངོས་པོ་དང་རིག་གནས་འཚོ་བའི་དམངས་སྲོལ། སྤྱི་ཚོགས་རྩ་འཛུགས་ཀྱི་དམངས་སྲོལ། སྤྱི་ཚོགས་འཚོ་བའི་གོམས་སྲོལ། ངག་རྒྱུད་དམངས་སྲོལ། ཁྱད་ལྡན་དམངས་སྲོལ། སྒྲིག་གཞི་དང་མི་སྣ། དམངས་སྲོལ་ཡིག་ཆ་བཅས་གཙོ་བྱས་ཤིང་། ས་གནས་ལོ་རྒྱུས་ཀྱི་སྒྲིག་སྟངས་འབྲི་སྟངས་ལྟར་མཚོ་སྔོན་གྱི་དམངས་སྲོལ་རིག་གནས་ལ་ཕྱོགས་མང་པོ་དང་ཟུར་ཚད་མང་པོའི་ཐོག་ཇི་མ་ཇི་བཞིན་ཟིན་ཐོ་འགོད་པ་དང་གཏིང་ཟབ་པོར་བརྗོད་ཡོད། དེབ་ཡོངས་གནའ་དེང་ཀུན་ལ་ཁྱབ་ཅིང་། གནའ་དེང་ཞིབ་ཅིང་ཕྲ་བ་དང་དེང་རབས་གལ་ཆེ་བར་བརྗོད་དེ། མཚོ་སྔོན་གྱི་མི་རིགས་སོ་སོའི་དམངས་སྲོལ་རིག་གནས་ཀྱི་ལོ་རྒྱུས་དང་ད་ཡོད་གནས་ཚུལ་མཚོན་པ་དང་། མཚོ་སྔོན་གྱི་དམངས་སྲོལ་རིག་གནས་རྒྱུན་འཛིན་གྱི་ཁྱད་ཆོས་དང་། དུས་རབས་ཀྱི་ཁྱད་ཆོས། ས་གནས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས་བཅས་མངོན་གསལ་དོད་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།