ཀྲུང་གོའི་མཐོ་སློབ་ཀུན་གཏོད་བར་སྟོང་མནའ་འབྲེལ་གྱི“གསར་བརྗེའི་ཕུགས་འདུན་བསྐྲུན་ནས་གསར་གཏོད་གཉིས་ཀྱི་རྒྱང་སྐྱོད་གསར་པ་བྱེད”ཅེས་པའི་བྱེད་སྒོ་མཚོ་སྔོན་སློབ་ཆེན་དུ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན། ཀྲུང་གོའི་མཐོ་སློབ་ཀུན་གཏོད་བར་སྟོང་མནའ་འབྲེལ་གྱི“གསར་བརྗེའི་ཕུགས་འདུན་བསྐྲུན་ནས་གསར་གཏོད་གཉིས་ཀྱི་རྒྱང་སྐྱོད་གསར་པ་བྱེད”ཅེས་པའི་བྱེད་སྒོ་དེ་མཚོ་སྔོན་སློབ་ཆེན་དུ་སྤེལ་བ་རེད། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་མཐོ་སློབ11ནས་ཡོང་བའི་གསར་གཏོད་ལས་གཏོད་ཀྱི་སློབ་གསོའི་ལས་དོན་པ150ཙམ་བྱེད་སྒོར་ཞུགས། 

ཐེངས་འདིའི་བྱེད་སྒོ་དེ་སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གསོ་ཟི་དང་། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་སློབ་མའི་ཆ་འཕྲིན་བློ་འདྲི་དང་ལས་ཞུགས་མཛུབ་ཁྲིད་ལྟེ་གནས། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་། གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་བཅས་ཀྱིས་མཛུབ་ཁྲིད་བྱས་ཤིང་། ཀྲུང་གོའི་མཐོ་སློབ་ཀུན་གཏོད་བར་སྟོང་མནའ་འབྲེལ་དང་མཚོ་སྔོན་སློབ་ཆེན་གཉིས་ཀྱིས་ཐུན་མོང་སྒོས་གཙོ་གཉེར་བྱས་པ་ཞིག་རེད། བྱེད་སྒོ་དེ་མཐོ་སློབ་ཀྱི་དགེ་སློབ་དང་། སྐབས་བཅུ་བདུན་པའི“འགྲན་སློང་བུམ་པ”ཡི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་སློབ་ཕྱིའི་རིག་གཞུང་ཚན་རྩལ་བརྩམས་ཆོས་འགྲན་བསྡུར་གྱི་མཐའ་བསྡུར་ཁྲོད་ཀྱི་སློབ་གྲྭ་སོ་སོའི་མཛུབ་ཁྲིད་དགེ་རྒན་དང་འགྲན་ཞུགས་ཚོགས་པར་ཁ་གཏད་ཡོད་ལ། དེའི་དམིགས་ཡུལ་ནི་སྤྱི་ཚོགས་དང་མཐོ་སློབ། ཁེ་ལས་བཅས་དང་། ཤར་རྒྱུད་དང་དབུས་ནུབ་རྒྱུད་ཀྱི་མཐོ་སློབ་བར་གྱི་གསར་གཏོད་ལས་གཏོད་ཐོན་ཁུངས་ཀྱི་སྒོ་དབྱེ་མཉམ་སྤྱོད་དང་འབྲེལ་མཐུད་ལ་སྐུལ་འདེད་ནུས་ལྡན་བཏང་ནས། ཤར་དབུས་ནུབ་གསུམ་གྱི་གསར་གཏོད་ལས་གཏོད་ཀྱི་མཉམ་འགུལ་ལ་སྐུལ་འདེད་བཏང་སྟེ་མཐོ་སློབ་ཀྱི་གསར་གཏོད་ལས་གཏོད་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་ཆེད་རེད། 

བྱེད་སྒོ་དེ་གཉིས་གཏོད་བརྗོད་བྱ་གཙོ་བོའི་མཉམ་སྤྱོད་ཚོགས་འདུ་དང་གཉིས་གཏོད་དགེ་རྒན་གྱི་བསམ་བློ་བརྗེ་རེས་ཚོགས་འདུ་གཉིས་སུ་དབྱེ་ཡོད། བརྗོད་དོན་གཙོ་བོའི་མཉམ་སྤྱོད་ཚོགས་འདུའི་ཐོག མཚོ་སྔོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲང་ལེ་དང་། ཧང་ཀྲོའུ་མུའུ་ལེན་ཟོང་འབྲེལ་དྲ་སྦྲེལ་ཚན་རྩལ་ཚད་ཡོད་ཀུང་སིའི་གསར་གཏོད་པའམCEOཞང་ཁྲང་ཡུས་སོགས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་ལག་ལེན་དང་། གསར་གཏོད་ལས་གཏོད་ཀྱི་སྙིང་སྟོབས། གཉིས་གཏོད་འགྲན་བསྡུར་གྱི་ཉམས་མྱོང་བཅས་སྤེལ་གླེང་བྱས། དགེ་རྒན་གྱི་བསམ་བློ་བརྗེ་རེས་ཚོགས་འདུའི་ཁྲོད། ཀྲེ་ཅང་སློབ་ཆེན་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་ཝུའུ་ཝུའེ་ཏུང་དང་། ཕེན་ཚེ་མ་རྩའི་མཉམ་རོགས་སམCCFནུས་ཆེའི་རྩིས་རིག་ཆེད་དོན་ཨུ་ལྷན་གྱི་ལག་བསྟར་ཨུ་ཡོན་ཡའོ་ཅིན་ཤིན། ཀྲུང་གོའི་མཐོ་སློབ་ཀུན་གཏོད་བར་སྟོང་མནའ་འབྲེལ་གྱི་དྲུང་ཆེ་གཞོན་པ་ཅང་ནན་བཅས་ཀྱིས་སོ་སོར་གསར་གཏོད་ལས་གཏོད་སློབ་གསོའི་རྣམ་པ་དང་། གཉིས་གཏོད་མཛུབ་ཁྲིད་ལག་ལེན། གཉིས་གཏོད་སློབ་དཔོན་གྱི་ངེས་གནས་བཅས་ཀྱི་ཐད་བཞུགས་མོལ་མཉམ་སྤྱོད་དང་བསམ་བློ་བརྗེ་རེས་བྱས་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།