ལིག་ཁྲའོ་ཡིས་མཚོ་ཤར་གྲོང་ཁྱེར་གྱི་སྲིད་བསྡུ་དང་དབང་གཏོང་། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཁྲའོ་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་དང་མིན་ཧི་ཧེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། ཁེ་ལས་དང་གླིང་ཁུལ། སྲིད་དོན་ཞབས་ཞུའི་ལྟེ་གནས་བཅས་ཀྱི་སྲིད་བསྡུ་དང་དབང་གཏོང་། ཞབས་ཞུ་བཅས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་གཏིང་ཟབ་བྱས།

ལིག་ཁྲའོ་ཡིས་བསྟན་དོན། སྲིད་བསྡུ་དང་དབང་གཏོང་། ཞབས་ཞུ་བཅས་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་ནི་བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་འོས་འགན་བཟང་པོར་སྒྲུབ་པའི་འཛིན་བྱ་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་བསྡུ་དང་དབང་གཏོང་། ཞབས་ཞུ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྲིད་བསྡུ་དང་དབང་གཏོང་། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་ཁོར་ཡུག་ལེགས་བཅོས་གཏོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་པ། མུ་མཐུད་དུ་སྲིད་བསྡུ་དང་དབང་གཏོང་། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་ཟབ་སྤེལ་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་གཏོང་བ། བར་མ་ཆད་པའི་སྒོ་ནས་ཁེ་ལས་དང་མང་ཚོགས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་བ་བཅས་ལ་འབད་དེ། སྔར་ལས་ལྷག་པའི་སྒོ་ནས་ཁྲོམ་རའི་རང་བདག་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པར་ངར་ཤུགས་བསྩལ་ནས། ཚོང་གཉེར་ཁོར་ཡུག་ལེགས་པོ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།