ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤྱི་སྡོམ་གཟེངས་བསྟོད་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤྱི་སྡོམ་གཟེངས་བསྟོད་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་ཚོགས་པ་དང་། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧོང་ཡ་གྲོས་ཚོགས་ལ་ཞུགས་པར་མ་ཤད་གཏམ་བཤད།

ལིས་ཧོང་ཡས་བསྟན་དོན། དུས་ཡུན་ལོ་གསུམ་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་དུ་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རྣམ་འགྱུར་དྲང་པོ་འཛིན་ཞིང་ཆོད་སེམས་བརྟན་པོ་བཅངས་པ་དང་སྤོབས་པ་ཆེན་པོས་ཁག་ཁུར་བྱས་ཏེ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་དང་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱས་པ་དང་། ཏང་སྲོལ་སྲིད་གཙང་དང་སྤྱི་ཚོགས་དར་སྲོལ་ལེགས་སྒྱུར་ཆེན་པོ་བྱས་པར་མ་ཟད། དཔལ་འབྱོར་འཕེལ་རྒྱས་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཚོར་སྣང་མངོན་གསལ་སྒོས་ཇེ་དྲག་ཏུ་བཏང་ཟེར།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བའི་སྤྱི་སྡོམ་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་འཇགས་ལས་ཁུངས་ཀྱིས་རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་སྤེལ་བའི་ལག་བསྟར་བསམ་འཆར་བརྒྱུད་སྒྲོག་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཐུན་མོང་རེ་ལྔ་དང་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་བརྒྱ་དང་ང་བཞི་ལ་གཟེངས་བསྟོད་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།