ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཚེ་རིང་རྡོ་རྗེ )ཟླ6པའི་ཚེས1ཉིན་གྱི་སྔ་དྲོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སློབ་གསོ་ཅུས་དང་སྟེང་སོ་ཞང་མི་དམངས་སྲིད་གཞུང་གིས། མཚོ་སྔོན་ཞིང་ཆེན་གངས་ལྗོངས་ཕན་བདེ་རོགས་སྐྱོར་ཚོགས་པ་དང་མཉམ་འབྲེལ་སྒོས་སྟེང་སོ་ཞང་བཅའ་སྡོད་ལམ་ལུགས་སློབ་གྲྭའི་སློབ་མ100ལྷག་ཙམ་ལ་སློབ་སྦྱོང་གི་མཁོ་ཆས་དང་དུས་ཆེན་གྱི་ལེགས་སྐྱེས་འཁྱེར་ནས“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས།
ཉིན་དེའི་འཚམས་འདྲིའི་བྱ་འགུལ་ནང་རྫོང་སློབ་གསོ་ཅུས་དང་ཞང་མི་དམངས་སྲིད་གཞུང་གི་མགོ་ཁྲིད་དང་རོགས་སྐྱོར་ཚོགས་པའི་ལས་བྱེད་མི་སྣས་བྱིས་པ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་སློབ་གྲྭའི་འཁྲབ་སྟོན་ལེ་ཚན་ལ་བལྟས་པར་མ་ཟད། སློབ་མ་ཚོ་དང་མཉམ་དུ་དུས་ཆེན་ལ་རོལ་ནས།སློབ་མ་རྣམས་ལ་བྱིས་བློ་ཏང་ལ་ཕྱོགས་པ་དང་།དུས་ཚོད་ལ་གཅེས་སྤྲས་དང་མཛེས་སྡུག་ལྡན་པའི་བྱིས་དུས་ལ་གཅེས་སྤྲས་བྱེད་པ།སློབ་སྦྱོང་ལ་འབད་བརྩོན་བྱེད་པ། ཧུར་བརྩོན་ཡར་སྐྱེད། སྐྱོན་བྲལ་ངང་འཚར་ལོངས་འབྱུང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་བྱེད་དགོས་པར་སྐུལ་མ་བཏང་།།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
བྱིས་པ་ནི་རྒྱལ་ཁབ་ཀྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན།