མཚོ་སྔོན་ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིང་དང་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་མཉམ་ལས་གྲོས་གཞིར་མིང་རྟགས་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན། ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིང་དང་། ཀྲུང་གོའི་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཕྱོགས་གཉིས་ཀྱི《དངོས་ཕུང་དཔལ་འབྱོར་གྱི་མ་དངུལ་མཉམ་འདྲེས་རླངས་འཁོར་དང་འཐབ་ཇུས་མཉམ་ལས་གྲོས་གཞི》གྲོས་མོལ་མིང་རྟགས་བཀོད། ཕྱོགས་གཉིས་ཀྱིས་རང་ཞིང་གི་ཚྭ་མཚོའི་བཟོ་ལས་རྫས་འགྱུར་དང་། ལི་ཐོན་ལས། འོད་ནུས་སྒྲིག་ཆས།ཁྱད་ལྡན་སྒྲིག་ཆས། གྲངས་འཛིན་དཔལ་འབྱོར་སོགས་ཀྱི་ཁྱབ་ཁོངས་དང་དམ་དུ་འབྲེལ་ནས། འཆར་འགོད་སྔོན་ལ་བྱེད་པ་དང་། སྲིད་ཇུས་སྣེ་ཁྲིད། ཚོང་རའི་འཛུགས་སྐྲུན། མ་དངུལ་མཉམ་འདྲེས་ལ་སྐུལ་འདེད་སོགས་ཀྱི་བྱེད་ཐབས་བརྒྱུད། རྒྱལ་གཉེར་ཚོང་ལས་དངུལ་ཁང་གིས་ཞིང་ཆེན་ཡོངས་ཀྱི་དངོས་ཕུང་དཔལ་འབྱོར་དང་གཙོ་གནད་ཁེ་ལས་ཀྱི་འཕེལ་རྒྱས་འདོན་སྤེལ་བྱས་ནས། དུས་སྐབས་སྔོན་མའི་མཐུད་སྦྲེལ་དང་ཡིད་རྟོན་དངུལ་བུན་ཞིབ་བཤེར་ཆོག་མཆན་གྱི་ལམ་བུ་ཞིག་བཏོད་ཏེ། དངོས་ཕུང་དཔལ་འབྱོར་གྱི་མ་དངུལ་མཉམ་འདྲེས་དང་། མ་དངུལ་མཉམ་འདྲེས་དལ་བའི་གནད་དོན་ཐག་གཅོད་བྱས་ནས། ཞིང་ཆེན་ཡོངས་ཀྱི“གཏན་འཇགས་དྲུག་དང་འགན་སྲུང་དྲུག”གི་བྱ་བར་མ་དངུལ་འགན་སྲུང་མཁོ་འདོན་བྱས། 

《གྲོས་གཞིར》དངོས་སུ་མིང་རྟགས་བཀོད་པ་དེས་སྔར་ལས་ལྷག་པའི་སྒོ་ནས་དངུལ་ཁང་མཉམ་ལས་ཀྱི་བྱེ་བྲག་གི་ལག་ལེན་ཟབ་སྤེལ་བྱེད་པ་ཡིན་ཞིང་། དངུལ་རྩ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་ཀྱི་སྟོབས་ལྡན་བྱེད་ཐབས་ལ་སྐུལ་འདེད་བྱེད་པ་ཞིག་ཡིན་པར་མ་ཟད། ཕྱོགས་གཉིས་ཀྱི་དགེ་མཚན་ཁ་གསབ་དང་། གཉིས་རྒྱལ་འཕེལ་རྒྱས་ཀྱི་མགོ་རྩོམ་ས་གསར་པ་ཞིག་ཀྱང་ཡིན། 

ཕྱོགས་གཉིས་ཀྱིས་སྲིད་ཇུས་མཉམ་སྤྱོད་དང་། བརྡ་འཕྲིན་བརྗེ་རེས་སོགས་ཀྱི་ཐད། མཉམ་ལས་ཀྱི་ཤུགས་ཚད་ཆེ་རུ་བཏང་ནས། བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྨང་གཞི་སྲ་བརྟན་ཞིག་བཏིང་བ་ཡིན། ཀྲུང་གོའི་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་རྒྱལ་གཉེར་ཚོང་ལས་དངུལ་ཁང་གིས་ཞིང་ཆེན་ཡོངས་ཀྱི་དངོས་ཕུང་དཔལ་འབྱོར་དང་། གཙོ་གནད་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ལོ་རེར་སྒོར་དུང་ཕྱུར60ཡི་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་གྱིས“དངོས་ཕུང་དཔལ་འབྱོར་མ་དངུལ་མཉམ་འདྲེས་རླངས་འཁོར”སྡེབ་སྒྲིག་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་དངོས་ཕུང་དཔལ་འབྱོར་ལས་གཞི་དོན་འཁྱོལ་ཡོང་བར་རོགས་འདེགས་བྱེད་རྒྱུ་རེད།།   

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།