མཚོ་སྔོན་ཞིང་ཆེན་གྱིས་ཡུལ་གཞན་གནས་སྤོར་དབུལ་སྐྱོར་བཀོད་སྒྲིག་སྡོད་ཁང་གི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ5པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྱི་ཡིག་ཚགས་བྱང་བུ་ཅན་གྱི་དུད་ཚང31698ཀྱི་སྡོད་ཁང་གི་གཏན་འཇགས་རྒྱུ་ནོར་བདག་དབང་དཔང་ཡིག་བཟོ་བའི་ལས་དོན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པ་དང་། ཐོ་འགོད་དཔང་ཡིག་སྤྲོད་དགོས་པའི་དུད་ཚང་གི་ཐོ་འགོད་ལག་ཁྱེར་སྤྲོད་ཚད100%ཟིན་ཡོད་པས། རྒྱལ་ཁབ་ཀྱི་བླང་བྱ་ལས་ཟླ་བ་གཅིག་གི་སྔ་སྣུར་དུ་བྱ་བའི་དམིགས་ཚད་ལེགས་གྲུབ་བྱས་པ་རེད། 

2019ལོ་ནས་བཟུང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྱི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་དོན་སྔ་སྣུར་གྱིས་བཀོད་སྒྲིག་དང་སྤྱི་འདོམས་བཀོད་སྒྲིག་བྱས། སྔ་རྗེས་སུ་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་རུ་རང་འགུལ་ངང་འབྲེལ་མཐུད་བྱེད་པར་ཐེངས་མང་ཕྱིན་ཏེ་བྱ་བའི་དམིགས་ཚད་ཁ་གསལ་བཟོས་པ་དང་། དབུལ་སྐྱོར་གྱི་གནས་ཚུལ་མཐིལ་རྟོགས། བཀོད་སྒྲིག་གི་འཕེལ་རིམ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་པ་དང་ཆབས་ཅིག་བྱ་བའི་རྩིས་ཁྲ་བཟོས་ནས་ཆུས་དང་རྫོང་གི་མི་རེ་རེར་ཞིབ་ཕྲའི་ལས་འགན་དོན་འཁྱོལ་བྱེད་པ་དང་། ཟླ་རེར་དང་གཟའ་འཁོར་རེར་བྱ་བའི་འཕེལ་རིམ་ཡར་ཞུ་བྱེད་པ་བཅས་བྱས་མཐར་ཐོ་སུབ་པའི་ལམ་སྲོལ་ལག་བསྟར་བྱས་པ་རེད། ཡུལ་གཞན་གནས་སྤོར་དབུལ་སྐྱོར་བཀོད་སྒྲིག་བྱ་བའི་སྡོད་ཁང་གི་གཏན་འཇགས་རྒྱུ་ནོར་བདག་དབང་དཔང་ཡིག་བཟོ་བའི་ལས་དོན་ལ་དམ་འཛིན་དང་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་ཁྱབ》དང《མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་སྡོད་ཁང་གི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་དོན་བཟང་པོ་བསྒྲུབ་པའི་སྐོར་གྱི་བརྡ་ཁྱབ》《མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཞིང་ཆེན་ཡུལ་གཞན་གནས་སྤོར་དབུལ་སྐྱོར་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་དོན་གྱི་འཕེལ་རིམ་སྐོར་གྱི་བརྡ་ཁྱབ》སོགས་བཀྲམ་ནས་བྱ་བའི་དམིགས་ཚད་ཁ་གསལ་བཟོས་ཏེ། ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་སྡོད་ཁང་ཐོ་འགོད་བྱེད་སྐབས“བགྲོད་ལམ་ཤར་གཏོང”དང་ཐོ་འགོད་འགྲོ་གྲོན་མི་བསྡུ་བ་སོགས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་གཏན་འཇགས་མ་དངུལ་མི་བསྡུ་བའི་སྲིད་ཇུས་དོན་འཁྱོལ་བྱས་པ་རེད། 

སྔོན་སྒྲིག་ཞིབ་མཆན་འགྲོ་ལུགས་འཐུས་སྒོ་ཚང་བའི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་བཀོད་སྒྲིག་སྡོད་ཁང་ལ་ཆ་མཚོན་ན། རྫོང་རིམ་པའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་སྡེ་ཁག་གིས་དུས་ཐོག་ཏུ་རྗེས་སྙེག་དང་ཡུལ་དངོས་སུ་བྱ་བ་སྒྲུབ་པ་དང་། ལག་ཁྱེར་བཟོ་བའི་དུས་ཚོད་ཚད་གཞི་མཐོ་ཤོས་ཇེ་ཐུང་དུ་གཏོང་བ། ལག་ཁྱེར་བཟོ་བའི་དཔྱད་གཞི་སྔར་བས་ཉུང་བསྡུ་བཅས་བྱས་ནས་འཕྲལ་དུ་སྒྲུབ་ཐུབ་པར་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།