ཀྲང་ཧོང་ཡོན“མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་ལས་རིགས་སློབ་གསོར་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་གཟིགས་ཞིབ་བྱེད་སྒོར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཧུང་ཡོན“མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་ལས་རིགས་སློབ་གསོར་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་དང་། “མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས2021ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར”བྱེད་སྒོར་གཟིགས་ཞིབ་གནང་བ་དང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ལས་རིགས་ལག་རྩལ་སློབ་གྲྭ་དང་། ཟི་ལིང་གྲོང་ཁྱེར་དུས་རབས་ལས་རིགས་སློབ་གྲྭ། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གྲྭ་བཅས་སུ་གཟིགས་ཞིབ་གནང་བར་ཕེབས།

ཀྲང་ཧོང་ཡོན་གྱིས་རྒྱལ་ཡོངས་ལས་རིགས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་རིགས་སློབ་གསོའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། དཀའ་གནད་སེལ་བ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། སློབ་གྲྭའི་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ཆེད་ལས་བཀོད་སྒྲིག་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་སོགས་ཀྱི་ཐད་ཁ་ཕྱོགས་མ་ནོར་བར་འདེམས་པ་དང་། འཇུག་སྒོ་མ་ནོར་བར་འཚོལ་བ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིམ་ངོས་སྦྲེལ་མཐུད་ལ་ཧུར་ཐག་བྱེད་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། འཕེལ་རྒྱས་ཀྱི་འཇུར་མིག་གི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་དང་ཁྲོམ་རར་ཕྱོགས་པ་དང་། གྲོང་གསེབ་དར་སྤེལ་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་ལ་དམིགས་པ། ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ་གྲོང་གསེབ་དར་སྤེལ་དང་སྲུབས་མེད་འབྲེལ་མཐུད་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་དང་ལམ་སྲོལ་ཆགས་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་གི་མ་ལག་གཏོད་པ། སྤྱོད་གོ་ཆོད་པའི་ཤེས་ལྡན་པ་དང་བྱང་ཚད་མཐོ་བའི་ཆེད་ལས་རྩལ་ནུས་ལྡན་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། ལས་རིགས་སློབ་གསོའི་ཞབས་ཞུའི་ས་གནས་ཀྱི་དཔལ་འབྱོར་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།