མཚོ་སྔོན་ཞིང་ཆེན་གྱིས“དུས་རབས་གསར་པའི་མཚོ་སྔོན་གྱི་ན་གཞོན་བཟང་པོ”ཁྱབ་སྒྲོག་བྱེད་སྒོ་སྐབས་དང་པོ་ཟི་ལིང་དུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས31ཉིན། 2021ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་སློབ་གྲྭའི་བྱིས་པའི་ཕོ་བྲང་ལས་གཞིའི་འཛུགས་སྐྲུན་གསོ་སྦྱོང་གི་ཡུལ་དངོས་དང“དུས་རབས་གསར་པའི་མཚོ་སྔོན་གྱི་ན་གཞོན་བཟང་པོའི”ཡོངས་སྒྲོག་མཛད་སྒོ་སྐབས་དང་པོ་ཟི་ལིང་གྲོང་ཁྱེར་ཤིན་ཧའེ་ལམ་སློབ་ཆུང་དུ་འཚོགས། བྱེད་སྒོ་སྤེལ་ཡུལ་དུ་རིག་རྩལ་འཁྲབ་སྟོན་དང་། གཏམ་རྒྱུད་བརྗོད་པ། ཡུལ་དངོས་སུ་མཉམ་འགུལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད“དུས་རབས་གསར་པའི་ན་གཞོན་བཟང་པོའི”སྔོན་ཐོན་བྱས་རྗེས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས།

ཉིན་དེའི་སྔ་དྲོར། ཞིང་ཆེན་དཔལ་ཡོན་གཞུང་དོན་ཁང་དང་ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་སློབ་གསོ་ཐིང་བཅས་ཀྱིས2021ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་སློབ་གྲྭའི་བྱིས་པའི་ཕོ་བྲང་ལས་གཞིའི་འཛུགས་སྐྲུན་གསོ་སྦྱོང་གི་ཡུལ་དངོས་ཚོགས་འདུ་འཚོགས། རང་ཞིང་གིས“བྱིས་པའི་བསམ་བློ་ཏང་ལ་ཕྱོགས་པ་དང་ཐུན་མོང་ཐོག་མི་གསར་པ་སྐྱེད་སྲིང་བྱེད་པ”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་གཙོ་རྐང་དུ་བྱེད་པ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་མོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བྱེད་པ་བཅས་ཀྱི་ཐོག་ནས། གྲོང་གསེབ་ཀྱི་སློབ་གྲྭའི་བྱིས་པའི་ཕོ་བྲང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཡུལ་དངོས་གྲོས་ཚོགས་སྟེང་ཉམས་མྱོང་བརྗེ་རེས་ཀྱི་བྱེད་ཐབས་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་བའི་ཕྱོགས་སུ་སྐུལ་འདེད་གཏིང་ཟབ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།