མཚོ་སྔོན་ཞིང་ཆེན་གྱི་ཆེད་དོན་བྱ་བའི་སྒྲིག་གཞིའི་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཡོངས་ཀྱི་ཏང་ཨུའི་ལྟ་ཞིབ་བྱ་བའི་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་གྱི་ཆེད་དོན་བྱ་བའི་སྒྲིག་གཞིའི་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཡོངས་ཀྱི་ཏང་ཨུའི་ལྟ་ཞིབ་ལས་དོན་ཚོགས་འདུ་ཟི་ལིང་དུ་འཚོགས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་། ན་ནིང་གི་བྱ་བར་སྤྱི་སྡོམ། ད་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བཅས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་བྱ་བར་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལེ་བཅས་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།

ཝང་ཅུན་ཅིན་གྱིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ཏང་སེམས་དང་དམངས་སེམས་ཐོབ་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཐམས་ཅད་དོན་དངོས་ནས་མགོ་རྩོམ་པ་མཐའ་འཁྱོངས་བྱེད་པ། དངོས་ཐོག་བདེན་འཚོལ་བྱེད་པ། ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་རྙིང་པ་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་གཞི་རིམ་དུ་བྱ་བ་སྒྲུབ་པའི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་པས་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་དང་། གཞི་རིམ་གྱི་གསོན་ཤུགས་འཕེལ་བ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་པར་བསྟན།

ཝང་ཅན་ཅུན་གྱིས་ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི”མགོ་བརྩམས་པའི་ལོ་ཡིན། མགོ་རྩོམ་པ་ནི་ཁྱོན་ཡོངས་གཏན་འཁེལ་བྱེད་པ་དང་། མགོ་ཡག་པོ་འཛུགས་པའི་ལས་དོན་ལ་མཐོང་ཆེན་བྱེད་པ། དོན་དངོས་སྒྲུབ་པར་མཐོང་ཆེན་བྱེད་པར་ཕྱི་ཚུལ་རིང་ལུགས་མཐའ་དག་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཞི་རིམ་གྱི་ཚུར་སྣང་ཆེ་བའི་གནད་དོན་རྙིང་པ་དང་མཚོན་ཚུལ་གསར་པར་དམ་པོར་དམིགས་པ། ལྟ་ཞིབ་དང་། ཞིབ་བཤེར། དཔྱད་ཞིབ་བཅས་གཅིག་གྱུར་འཆར་འགོད་དང་ཚད་ལྡན་ཡོང་བར་ཤུགས་སྣོན། སྤུས་ལེགས་ཡིག་ཆར་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་བཅས་བྱེད་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཞིང་ཆེན་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་དང་ཞིང་ཆེན་ཨུ་ལྷན་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།