མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “རྒྱལ་ཡོངས་ཚན་རྩལ་ལས་སྒྲུབ་ཉིན་མོ”ཐེངས་ལྔ་པར་རྟེན་འབྲེལ་ཞུ་ཆེད། ཟླ5པའི་ཚེས31ཉིན། ཞིང་ཆེན་ཚན་རྩལ་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལས་སྒྲུབ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་། ཚན་རིག་ཞིབ་འཇུག་ཁང་། ཁེ་ལས་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་ལས་སྒྲུབ་འཐུས་ཚབ་པ10ཚོགས་འདུར་ཞུགས་པ་མ་ཟད་བརྗེ་རེས་གཏམ་བཤད་སྤེལ།

ཚོགས་འདུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས20པ་དང་། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས15པ། ཀྲུང་གོའི་ཚན་རིག་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས10པའི་སྟེང་གི་གསུང་བཤད་གལ་ཆེན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཧྲིན་ཀྲང་ཞིན་ཁྲང་ཞང་གིས་རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པར་ཕུལ་བའི་འཕྲིན་ཡིག་སློབ་སྦྱོང་བརྒྱུད་སྒྲོག་བྱས།

“ང་ཚོའི་རེ་བར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་ཞོག་ཁོག་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་དང་། ཚན་རིག་ཞིབ་འཇུག་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་དང་། ལག་རྩལ་གསར་གཏོད་ཀྱི་ཕྱོགས་ནས་སྔར་བཞིན་རྒྱབ་སྐྱོར་བྱེད་པ།་་་་་” བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་སྔོན་སློབ་ཆེན་གྱི་ཞིང་ནགས་ལས་ཚན་རིག་གླིང་གི་གླིང་གཙོ་གཞོན་པ། ཞིབ་འཇུག་པ་ཝང་ཅན་སོགས་ཚན་རྩལ་ཁྱབ་ཁོངས་ཀྱི་ཆེད་མཁས་པས་སྟེགས་བུ་འཛུགས་སྐྲུན་དང་། ཚན་རྩལ་གྲུབ་འབྲས་བསྒྱུར་བཅོས། ཚན་རྩལ་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ། ཚན་རྩལ་འཇོན་མི་གསོ་སྐྱོང་སོགས་ཐད་བསམ་འཆར་བཏོན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཚན་རྩལ་གསར་གཏོད་བྱ་བའི་བསམ་བློ་གཅིག་གྱུར་དང་། གཅིག་མཐུན་འདོད་བློ་བྱུང་བའི་ཐད་བསམ་འཆར་བཏོན། 

ཚོགས་ཞུགས་ཆེད་མཁས་པས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིབ་འཇུག་ཁང་གཉིས་ཀྱི་ཡོན་ཧྲི་ཚོགས་ཆེན་དང་། ཀྲུང་གོའི་ཚན་རིག་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས10པའི་སྟེང་གི་གསུང་བཤད་གལ་ཆེན་དང་། དུས་རབས་གསར་པའི་རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པར་འབད་བརྩོན་དང་ལས་འགན་གྱི་ཁ་ཕྱོགས་ཤིག་བསྟན་པ་དང་། ཚན་རྩལ་གསར་གཏོད་དང་ཚན་རྩལ་ལས་སྒྲུབ་པར་རེ་བ་བཅངས། ཚན་རྩལ་ལས་སྒྲུབ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་སྐོར་གྱི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་དང་། བློ་གྲོས་དང་སྟོབས་ཤུགས་དེ་ཏང་ཀྲུང་དབྱང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཚན་རྩལ་གསར་གཏོད་ཀྱི་ཐབས་ཇུས་བཀོད་སྒྲིག་སྟེང་ཐོན་པར་བྱས་ནས། ཚན་རྩལ་གསར་གཏོད་ཀྱིས་དུས་རབས་གསར་པའི་ཚན་རྩལ་ལས་སྒྲུབ་པའི་ལོ་རྒྱུས་ཀྱི་ལས་འགན་དང་འགན་འཁྲི་ཕྲག་ཏུ་ལེན་པའི་སྟེང་དོན་འཁྱོལ་ཡོང་དགོས་པའི་འདོད་ཚུལ་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།