​ཉེས་ཁྲིམས་བཟོ་བཅོས་རྗེས་ཀྱི་གྱོད་དོན་ཐོག་མར་ཁྲིམས་ཐག་བཅད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རེན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཁྲའོ་ཆེ་གེ་མོ་དང་གནམ་ཆེ་གེ་མོ། སངས་ཆེ་གེ་མོ་བཅས་ཀྱིས་འཇིགས་ལ་ཉེ་ཞིང་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་བསད་པར་ཁྲིམས་ར་འཚོགས་ཤིང་འདྲི་གཅོད་བྱས། གྱོད་དོན་འདི་ནི2021ལོའི་ཟླ3པའི་ཚེས1ཉིན《ཉེས་ཁྲིམས་བཟོ་བཅོས་འཆར་ཟིན་ཨང་བཅུ་གཅིག་པའི》ནང་གི་དོན་ཚན341གི་ནང་དོན་དང་པོ་བཟོ་བཅོས་བྱས་རྗེས་ཀྱི་གྱོད་དོན་དང་པོ་དེ་རེད། 

ཐུན་རེན་གྲོང་ཁྱེར་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཡོན་ཀྲང་དང་ཞིབ་དཔྱོད་ཀྲང་དངོས་སུ་ཁྲིམས་རར་ཕེབས་ནས་ཞིབ་དཔྱོད་དཔོན་དང་སྤྱི་པའི་ཞུ་སྦྱོར་པའི་འགན་ཁུར་བ་རེད། འདྲི་གཅོད་བརྒྱུད། ཐུན་རེན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཁྲའོ་ཆེ་གེ་མོ་དང་གནམ་ཆེ་གེ་མོ། སངས་ཆེ་གེ་མོ་བཅས་ལ་ལོ་གཉིས་ཀྱི་རྗེས་སུ་དུས་བཀག་བཙོན་འཇུག་ལོ་གཅིག་བྱེད་རྒྱུ་དང་དངུལ་ཆད་སྒོར500ཆད་པ་གཅོད་རྒྱུའི་ཐག་བཅད་པ་རེད། ལས་ཆད་ཀྱིས་དངུལ་ཆད་ཚབ་པའི་རྣམ་པ་བརྒྱུད་ནས་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་ཞུ་སྦྱོར་པ་དང་སྐྱིན་ཚབ་གྲོས་མཐུན་བཞག

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།