ཟི་ལིང་མེ་འཁོར་འབབ་ཚུགས་ནས་བསྒྲགས་པའི་བརྡ་སྦྱོར།

སྤྱི་བསྒྲགས།


ས་གཤིས་ཀྱི་གནོད་འཚེ་ཐེབས་པའི་དབང་གིས། ཟླ6པའི་ཚེས1ཉིན་གྱི་ཆུ་ཚོད8པ་ནས་བཟུང་། ལན་ཅུ་ནས་ཞིན་ཅང་བར་གྱི་ལྕགས་ལམ་ལས་ལན་ཅུ་ནས་ཟི་ལིང་བར་གྱི་མེ་འཁོར་ལམ་ཐིག་དེ། ལན་ཅུ་ནས་ཟི་ལིང་བར་གྱི་ལྕགས་ལམ་ལམ་ཐིག་ཏུ་སྤོར་བ་ཡིན། འབྲེལ་ཡོད་མེ་འཁོར་གྱི་གནས་ཚུལ་མེ་འཁོར་འབབ་ཚུགས་ནས་བསྒྲགས་པའི་གནས་ཚུལ་ལ་ལྟ་བ་འམ12306ལ་ཁ་པར་བཏང་ནས་འདྲི་བར་འཚལ། ཁྱེད་ཀྱི་འགྲོ་འོང་ལ་དཀའ་ཚེགས་བཟོས་ཡོད་ཚེ་དགོངས་འགལ་མེད་པར་ཞུ། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།