རྨ་སྟོད“5·22”ས་འགུལ་གནོད་སེལ་རྒུད་སྐྱོབ་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐེངས12པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ5པའི་ཚེས31ཉིན་འཚོགས་པའི་རྨ་སྟོད“5·22”ས་འགུལ་གནོད་སེལ་རྒུད་སྐྱོབ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས12པའི་སྟེང་ཤེས་གསལ་བྱུང་བ་ལྟར་ན། ད་ལྟའི་བར་དུ། ས་འགུལ་གྱིས་ཁྱོན་བསྡོམས་མགོ་ལོག་ཁུལ་དང་། ཡུས་ཧྲུའུ་ཁུལ། མཚོ་ནུབ་ཁུལ་གྱི་རྫོང8ཀྱི་ཤང་དང་གྲོང་རྡལ45ཡི་དུད་ཁྱིམ38137གྱི་མི107500ལ་གནོད་འཚེ་ཐེབས་ཤིང་། གཅིག་བསྡུས་བདེ་འགོད་ས་ཚིགས126སྒྲིག་བཀོད་བྱས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་སྟོབས་ཤུགས་རོགས་སྐྱོར་མི་ཁྲི1.2ཡིས་སྟོབས་ཤུགས་ཡོད་རྒུས་གནོད་སེལ་རོགས་སྐྱོར་བྱས་པ་དང་། གནོད་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གིས་ཏང་ཡོན་ལས་བྱེད་པ7000དང་། རིགས་སོ་སོའི་མང་ཚོགས་ཁྲི10ལྷག་གིས་ཕན་ཚུན་ལ་རོགས་རམ་བྱས་ནས། གནོད་སེལ་རྒུད་སྐྱོབ་ཀྱི་བྱེད་ནུས་གཙོ་བོ་བཏོན།ད་ལྟ། གནོད་ཁུལ་གྱི་ཉེན་སེལ་རོགས་སྐྱོར་བྱ་བ་རྩ་བའི་ཆ་ནས་མཇུག་སྒྲིལ་ཞིང་། ས་འགུལ་གྱི་ཡང་བསྐྱར་བྱུང་བའི་གནོད་འཚེ་རྩ་བའི་ཆ་ནས་མེད་པར་བཟོས། འཕྲལ་བསྟུན་གནས་སྤོར་བདེ་འགོད་བྱ་བ་རྩ་བའི་ཆ་ནས་ལེགས་འགྲུབ་བྱས་པ་དང་། འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་། ཆུ་བེད། རྒྱང་སྒྲོག་བརྙན་འཕྲིན་སོགས་རྨང་གཞི་སྒྲིག་ཆས་རྩ་བའི་ཆ་ནས་སླར་གསོ་བྱུང་བ་དང་། གནོད་ཁུལ་གྱི་དངོས་ཟོག་མཁོ་འདོན་རྒྱུན་ལྡན་ཡིན་ལ། དངོས་གོང་གཏན་འཇགས་ཡིན་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་གཏན་འཇགས་གོ་རིམ་ལྡན་ལ། གནོད་སེལ་རྒུད་སྐྱོབ་བྱ་བ་རྩ་བའི་ཆ་ནས་མཇུག་སྒྲིལ། 

ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར། ཞིང་ཆེན་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ཏེ་རིམ་པ2པའི་འཕྲལ་བསྟུན་ཆེད་མཁས་པའི་བདེན་དཔང་ར་སྤྲོད་ཚོགས་འདུ་བསྡུས་པ་དང་། སྡེ་ཁག16གི་ལས་ཁུངས་དང་ལས་རིགས་སྣ11གི་ཆེད་མཁས་པ་གྲོས་ཚོགས་སུ་ཞུགས།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།