2021ལོའི“མཚོ་སྔོན་གསར་པའི་འཆད་ཁྲིད”དུས་ཐེངས་གཉིས་པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཀྲུང་གོ་མཉམ་འགུལ་མཚོ་སྔོན་ཡན་ལག་ཀུང་སིའི་ཏང་ཨུ་དང་མཉམ་འབྲེལ་སྒོས། 2021ལོའི་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར“མཚོ་སྔོན་གསར་པའི་འཆད་ཁྲིད”དུས་ཐེངས་གཉིས་པ་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས། ཁྲུང་ཆིང་ཧུང་ཡན་གསར་བརྗེའི་ལོ་རྒྱུས་རྟེན་མཛོད་ཁང་གི་དེ་སྔའི་ཀོན་ཀྲང་ངམ་ཁྲུང་ཆིང་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭའི་གདན་ཞུའི་དགེ་རྒན་ཆེན་མོ་ལི་ཧྭ་ཡིས《ཧུང་ཡན་གྱི་བླ་སྲོག-དད་མོས་ཀྱི་སྟོབས་ཤུགས》ཞེས་པའི་བརྗོད་དོན་གཙོ་བོའི་གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་འཆད་ཁྲིད་བྱས་པ་རེད། 

དགེ་རྒན་ཆེན་མོ་ལི་ཧྭ་ཡིས་ཏང་གི་མཚན་སྙན་ལ་བཙོག་བཟོ་མི་བྱེད་པ་དང་། ཁག་འགན་འཁུར་ཕོད་པའི་ལྷག་བསམ། གུས་སེམས་ལྡན་པས་སྒྲིག་ཁྲིམས་ནན་སྲུང་བྱེད་པ། ཁྲག་དྲོན་གྱི་བསླབ་བྱ་དང་ཚེ་སྲོག་གི་རིན་དོད་བཅས་གཅིག་དུ་འདུས་པའི“བཙོན་ཁང་ནང་གི་དོན་ཚན་བརྒྱད”དང་། “ཧུང་ཡན་ཁྱིམ་ཡིག”སོགས་ཕྱོགས་ལྔའི་ཐད་ནས་གསོན་ཉམས་ལྡན་ཞིང་ངོ་མཚར་ཆེ་བའི་ཆེད་དོན་སྙན་ཞུ་ཕུལ་ཏེ། ལྷན་རྒྱས་ཀྱི་སྣེ་ཁྲིད་དེ་དཀའ་ཚེགས་ཆེ་བའི་ལོ་ཟླ་དེ་དག་ལ་མཉམ་དུ་དྲན་གསོ་བྱས་པ་དང་། གཟི་བརྗིད་ལྡན་པའི་ལོ་རྒྱུས་དུམ་བུ་དེར་བསྐྱར་དྲན་བྱས་ནས་སྔོན་གཤེགས་དཔའ་བོ་རྒན་རབས་ཚོས་བཞག་པའི་མཛད་རྗེས་རླབས་ཆེན་ལ་རྗེས་དྲན་ཞུས། 

ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་དང་། ཀྲི་པུའུ་ཧྲུའུ་ཅི། ལས་ཁུངས་ཀྱི་བུད་མེད་ཨུ་ལྷན་གྱི་ཀྲུའུ་རེན། ལས་ཁུངས་ཀྱི་བུད་མེད་ཨུ་ལྷན་གྱི་ཨུ་ཡོན་སོགས་མི600ཙམ་གྱིས་འཆད་ཁྲིད་ལ་མཉན་པ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་ནི་དཀར་གསལ་སྒྲོན་མེ་ལྟར་ང་ཚོའི་རྐང་འོག་གི་ལམ་བུ་གསལ་བར་བྱས་ཤིང་། ང་ཚོའི་ཕུགས་བསམ་དང་དད་སེམས་སྲ་བརྟན་དུ་བཏང་ལ། ཏང་གཤིས་བློ་སྦྱོང་ལ་སྐུལ་མ་བཏང་། སླད་ཕྱིན་གསར་བརྗེའི་རྒན་རབས་པ་དང་དམངས་གཙོའི་སྔོན་བྱོན་པའི་གསར་བརྗེའི་བསམ་བློ་དང་རྒྱལ་གཅེས་སྙིང་སྟོབས། སྲོལ་རྒྱུན་བཟང་པོ་བཅས་དར་སྤེལ་ཤུགས་ཆེར་བཏང་ནས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་མུ་མཐུད་དུ་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་ཡིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཏང་གཤིས་སྦྱོང་བརྡར། རང་འགན་གཙང་སྒྲུབ་བྱས་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།