ཚེ་རིང་ཐར་གྱིས་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་དུ་རྟོག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས26ཉིན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་སྟག་ཚང་སོགས་ཐག་རིང་ལུང་ཁུག་གི་ཤང་གྲོང4རུ་བསྐྱོད་དེ།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་གྱི་ལས་དོན་ལ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གྲོང་གསེབ་དར་སྤེལ་དང་ནུས་ལྡན་ངང་འབྲེལ་མཐུད་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན། དཀའ་ཚེགས་རང་བཞིན་ལ་ངོས་འཛིན་མཐོ་རུ་བཏང་ནས་དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། 

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། ཐོན་ལས་འཕེལ་རྒྱས་ནི་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྩ་བའི་ཐབས་ཇུས་ཡིན་ལ། ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་རྒྱས་ཀྱི་དངོས་པོའི་རྨང་གཞི་ཡིན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། ཐོན་ཁུངས་ཀྱི་རང་སྤུས་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ནས་འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་། ཁྲོམ་ར་ཕྱོགས་སྟོན་དུ་བྱས་ནས་གྲོང་གསེབ་ཀྱི“ཐུང་སྙོམས་མྱུར་གསུམ”གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་ལ། རྒྱ་ཆེའི་ཞིང་དུད་ཀྱིས་ཧུར་ཐག་གིས་ཁྱད་ལྡན་འདེབས་གསོ་འཕེལ་རྒྱས་གཏོང་བར་མུ་མཐུད་དུ་ལྕག་སྐུལ་གཏོང་དགོས། ཆ་རྐྱེན་ཡོད་པའི་ས་ཆར་གྲོང་གསེབ་ཡུལ་སྐོར་གཉེར་བར་སྐུལ་ལྕག་བཏང་ནས་ལས་ཞུགས་འབབ་འཕར་གྱི་གོ་སྐབས་སྔར་བས་མང་བ་བཏོད་ནས་ཐུན་མོང་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་ལ་སྐུལ་འདེད་གཏོང་དགོས། ནོར་སྲིད་ཀྱི་ཞིང་སྐྱོར་ལས་གཞི་མ་དངུལ་སྤྱི་འདོམས་བྱས་ནས་གྲོང་གསེབ་ཀྱི་ལེགས་ལྡན་ཐོན་ཁུངས་གསར་སྤེལ་དང་། གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། ཡུལ་བརྗེ་གནས་སྤོའི་རྗེས་མཐུད་རོགས་སྐྱོར་ལས་དོན་ཡག་པོར་བསྒྲུབས་ནས་ལས་ཞུགས་རོགས་སྐྱོར་དང་ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་བཅས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ“གནམ་ས་གསར་པ”ཞིག་གཏོད་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།