མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་ཏང་ཡོན་སློབ་གསོའི་དོ་དམ་བྱ་བའི་མཐུན་འགྲིག་སྒྲིག་སྲོལ》བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་ལག་ལེན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཐོན་ཁུངས་གཅིག་སྒྲིལ་དང་། བྱ་བའི་འདུས་ཤུགས་གྲུབ་ཏུ་བཅུག་སྟེ། ཁྱོན་ཡོངས་ནས་རང་ཞིང་གི་ཏང་ཡོན་སློབ་གསོའི་དོ་དམ་བྱ་བར་ཤུགས་བསྣོན་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ལས་ཁུངས17ཡིས《མཚོ་སྔོན་ཞིང་ཆེན་ཏང་ཡོན་སློབ་གསོའི་དོ་དམ་བྱ་བའི་མཐུན་འགྲིག་སྒྲིག་སྲོལ》གཏན་འབེབ་དངོས་འདོན་བྱས།

《མཐུན་འགྲིག་སྒྲིག་སྲོལ》གྱི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དྲག་ཆས་དེ་ཏང་ཡོན་སློབ་གསོའི་དོ་དམ་གྱི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་བྱས་ཏེ། ཁྱོན་ཡོངས་ནས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ནས། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོའི་དོ་དམ་བྱ་བའི་སྲོལ་ཡིག》དང་། 《2019ལོ་ནས2023ལོའི་བར་གྱི་རྒྱལ་ཡོངས་ཏང་ཡོན་སློབ་གསོའི་གསོ་སྦྱོང་བྱ་བའི་འཆར་འགོད།》 རང་ཞིང་གི《བྱེད་ཐབས་འགའ》དོན་འཁྱོལ་བྱས་ནས། ཏང་ཡོངས་ཀྱི་ཏང་ཡོན་སློབ་གསོའི་དོ་དམ་བྱ་བའི་འཆར་འགོད་བཀོད་སྒྲིག་དང་། རྩ་འཛུགས་མཐུན་འགྲིག  དེ་མིན་ཞིབ་བཤེར་མཛུབ་སྟོན་བྱས་ཏེ། ཏང་ཡོན་དཔུང་ཁག་གི་གནས་བབ་ལ་དབྱེ་ཞིབ་དང་། བྱ་བའི་ཁྲོད་གནས་པའི་གནད་དོན་ལ་ཞིབ་འཇུག་ཐག་གཅོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་སློབ་གསོའི་དོ་དམ་བྱེད་ཐབས་གཏན་འབེབ་དང་། གཙོ་གནད་བྱ་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས“འདུ་ཤེས་བཞིམཐོར་འདེགས་དང་། “ཡིད་ཆེས་བཞིསྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་པར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།