ལིའུ་ཁྲའོ་ཡིས་མགོ་འཛིན་བྱས་ཏེ་ཉིས་སྟོང་ཉེར་གཅིག་ལོའི་ཞིང་ཆེན་སྲིད་གཞུང་གིས་སྲིད་གཞུང་གི་འགན་ནུས་བསྒྱུར་བར་སྐུལ་འདེད་གཏོང་བ་དང་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་མཐུན་སྦྱོར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས28ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་མགོ་འཛིན་བྱས་ཏེ2021ལོའི་ཞིང་ཆེན་སྲིད་གཞུང་གིས་སྲིད་གཞུང་གི་འགན་ནུས་བསྒྱུར་བར་སྐུལ་འདེད་གཏོང་བ་དང་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་མཐུན་སྦྱོར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ཟབ་སྤེལ་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་པ་དང་། ཉིས་སྟོང་ཉི་ཤུ་ལོའི་བྱ་བར་སྤྱི་སྡོམ་དང་ཉིས་སྟོང་ཉེར་གཅིག་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། སྲིད་གཞུང་གི་འགན་ནུས་བསྒྱུར་བར་སྐུལ་འདེད་གཏོང་བ་དང་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་ནི་སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། བརྟན་འཇགས་དྲུག་དང་འགན་སྲུང་དྲུག་བཟང་བོར་བསྒྲུབ་པའི་ནང་དོན་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ཟབ་སྤེལ་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དེ་གཞི་རྩའི་བསྲུང་བྱ་དང་འགུལ་སྐྱོད་ཕྱོགས་སྟོན་བྱས་ཏེ། ཏན་ཏན་ཏིག་ཏིག་སྒོས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ལངས་ཕྱོགས་བརྟན་པོའི་སྒོ་ནས་ཆབ་སྲིད་སྐྱོང་ཞིང་བཅོས་སྒྱུར་གྱི་འདུ་ཤེས་དང་འཕེལ་རིམ། རྐྱེན་སྲོལ་སྐུལ་འདེད་ཀྱི་ངོས་ཟིན་མཐོར་འདེགས་སུ་བཏང་ནས། འགན་འཁྲི་རང་བཞིན་དང་ལས་འགན་  རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་ཞིང་ཞིབ་བཤེར་བྱ་བར་ལྟ་སྐུལ་དང་མཛུབ་སྟོན་ནན་མོ་བྱེད་པ་དང་། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་ཞིང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བཟང་བོ་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས2021ལོར་མཚོ་སྔོན་ཞིང་ཆེན་གྱིས་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ཟབ་སྤེལ་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་བྱ་བ་གཙོ་བོ་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།